ཟླ2ཚེས4ཉིན་གྱི་མཚོ་སྔོན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ2གསར་དུ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད0ནས24ཡི་བར་། མཚོ་སྔོན་ཞིང་ཆེན་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་པ2གསར་དུ་ཐོན། ནད་ཚབས་ཆེ་བའི་ནད་པ་གསར་བ་མེད། ཤི་འདས་ཀྱི་ནད་པ་གསར་བ་མེད། སྨན་ཁང་ནས་བུད་པའི་ནད་པ་གསར་བ་མེད། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་དུ་ནད་པ2གསར་དུ་ཐོན་པ་དང་། གྲོང་ཁྱེར་དང་ཁུལ་གཞན་དག་ལ་ནད་པའི་སྙན་ཞུ་ཕུལ་མེད།

ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད24བར། མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་བྱས་ན་སྡོམ་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་པ17ཡོད་ལ། དེའི་ཁྲོད་ནད་ཚབས་ཆེ་བའི་ནད་པ1དང་། ཤི་འདས་ཀྱི་ནད་པ་མེད། སྨན་ཁང་ནས་བུད་པའི་ནད་པ་མེད། ནད་རྟགས་གཏན་འཁེལ་བྱས་པའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ14དང་མཚོ་བྱང་ཁུལ་དུ་ནད་པ3ཡོད། 

མིག་སྔར་ནད་པར་འབྲེལ་གཏུག་དམ་ཟབ་བྱེད་མཁན་གྱི་མི331ལ་རྗེས་འདེད་གཏོང་གིན་ཡོད་ལ། ཚེས4ཉིན་གསོ་རིག་ལྟ་ཞིབ་དང་ལེན་བྱེད་མཁན་མི7ལ་དོགས་གྲོལ་ཐོབ། ད་དུང་མི324ཡིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།