ཝང་ཀྲིན་ཧྲིན་གྱིས་G6པེ་ཅིན་དང་བོད་ལྗོངས་མྱུར་བགྲོད་གཞུང་ལམ་གྱི་མ་ཁྲང་ཡོན་རིམས་ནད་འགོག་བཅོས་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སོགས་ཀྱི་རིམས་འགོག་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཀྲིན་ཧྲིནG6པེ་ཅིན་དང་བོད་ལྗོངས་མྱུར་བགྲོད་གཞུང་ལམ་གྱི་མ་ཁྲང་ཡོན་རིམས་ནད་འགོག་བཅོས་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་དང་མི་དམངས་སྨན་ཁང་བཞི་བའི་ལས་རེས་བྱེད་ས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ཤར་ཡན་ལག་ཅུའུ་ཡི་ཀྲིག་ཅ་ཆོན་མངག་གཏོང་ཁང་བཅས་སུ་སོང་སྟེ་མཉམ་འགོག་མཉམ་འཛིན་དང་ཞིབ་བཤེར་ཚད་ལེན། འཕྲལ་སྒྲུབ་ཐག་གཅོད་བྱ་བར་ཞིབ་བཤེར་བྱས་པར་མ་ཟད། འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་ལས་བྱེད་མི་སྣར་འཚམས་འདྲི་དང་ཁོ་ཚོས་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ་བདེ་འཇགས་འགོག་སྲུང་ལ་ལ་ཤུགས་བསྣན་ནས་རང་ཉིད་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་གཅིག་གྱུར་འགོ་ཁྲིད་འོག བདེ་འཇགས་སྲུང་སྐྱོབ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་མི་སྣ་གཙོ་བོར་ཞིབ་བཤེར་བྱེད་པ་དང་ས་གནས་གཙོ་བོའི་བདེ་འཇགས་འགོག་སྲུང་བྱ་བ་སོགས་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།