མཚོ་སྔོན་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་གིས་དུག་སེལ་སྲིན་གསོད་ཀྱི་ཐོན་རྫས་ཐོན་སྐྱེད་སྒྲུབ་རིམ་འགོ་འཛུགས་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་ཚོད་འཛིན་ཐག་གཅོད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་ནན་ཏན་བྱས་ཏེ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་རིགས་ཀྱི་དོ་དམ་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་མཁོའི་དངོས་ཟོག་ཐོན་སྐྱེད་ཁེ་ལས་ལ་ལྟ་སྐུལ་བྱས་ནས། བདེ་འཇགས་ལྟ་སྐུལ་དོ་དམ་དང་། འཕྲོད་བསྟེན་བདེ་ཐང་སོགས་གཙོ་གཉེར་སྡེ་ཁག་དང་འབྲེལ་མཐུད་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། མངགས་སྡོད་ཆེད་བསྐོས་མི་སྣས་ཆུ་ཚོད24རིང་ཁེ་ལས་ཀྱིས་ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་སྒྲུབ་པར་རེས་སྐོར་གྱིས་ལྟ་སྲུང་བྱས་ཏེ། མཚོ་སྔོན་ཧུང་ཅི་ཤིན་ཁྲུན་ནུས་རྒྱུ་ཚད་ཡོད་ཀུང་སིས་ཉིན་རེར་ཏུན30དང་གར་ཚད75%ཟིན་པའི་སྨན་སྤྱོད་ཆང་བཅུད་ཐོན་སྐྱེད་སྒྲུབ་རིམ་ཛ་དྲག་ངང་འགོ་མ་ཚུགས་གོང་གི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། ཁེ་ལས་ཀྱིས་ཉེ་དུས་ཐོན་ཚད་ལ་གཞིགས་ཏེ་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་མཁོ་འདོན་འགན་ལེན་ཆེས་ཆེར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།