ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད7པའི་བར་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་ཀྱི་ཞལ་འདེབས་སྒོར་མོ་དང་དངོས་ཟོག་སྤྱི་བསྡོམས་པས་དམངས་སྒོར་ཁྲི3758.310213བསྡུ་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད7པའི་བར་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་ཀྱི་ཞལ་འདེབས་སྒོར་མོ་དང་དངོས་ཟོག་དམངས་སྒོར་ཁྲི3758.310213བསྡུ་ལེན་བྱས། ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའི་ཧྲུའུ་ཅིའམ་རྒྱུན་ལས་ཚོགས་གཙོ་གཞོན་པ་སུན་ལིན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞལ་འདེབས་སྒོར་མོ་དང་དངོས་པོ་དང་ལེན་དང་བེད་སྤྱོད་བྱས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད7པའི་བར་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་ཀྱི་ཞལ་འདེབས་སྒོར་མོ་དང་དངོས་པོ་ཁྲི3758.310213བསྡུ་ལེན་བྱས་པའི་ནང་ཞལ་འདེབས་སྒོར་མོ་ཁྲི3508.114713བསྡུ་ལེན་བྱས་པ་དང་། ཞལ་འདེབས་དངོས་ཟོག་དམངས་སྒོར་ཁྲི་250.1955ཡོད་པ་རེད། ཞལ་འདེབས་གནང་བའི་སྒོར་མོ་དང་དངོས་པོ་ཡོངས་རྫོགས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞལ་འདེབས་ཆ་འཕྲིན་ཡོངས་བསྒྲགས་འཕྲིན་སྟེགས་བརྒྱུད་ནས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།