ཁོང་ཡུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཚོད་འགོག་བྱ་བར་ཞིབ་བཤེར་དང་སྨན་བཅོས་མི་སྣར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་ཞིང་ཆེན་མི་དམངས་སྨན་ཁང་དུ་སོང་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཚོད་འགོག་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་པ་དང་། སྨན་བཅོས་མི་སྣར་འཚམས་འདྲི་བྱས།

ཁོས་ནན་གྱིས་བསྟན་དོན། རིམས་ནད་ཚོད་འགོག་བྱ་བ་ལག་བསྟར་ནན་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་རིམས་ནད་རྒྱ་མཆེད་པར་བཀག་འགོག་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཚོད་འགོག་བྱེད་པའི་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣར་བཀའ་དྲིན་དང་དད་གུས་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཚོད་འགོག་བྱ་བ་ཚོད་འགོག་དང་ཐག་གཅོད་མཉམ་འཛིན་བྱེད་པའི་དུས་རིམ་དུ་སླེབས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་ཆེད་དོན་གྲོས་ཚོགས་རབ་དང་རིམ་པའི་བཀོད་སྒྲིག་རེ་བ་ལྟར། རྒྱལ་ཁབ་ཀྱི་ཚོད་འགོག་ཇུས་གཞི་དང་སྨན་བཅོས་ཕྱོགས་སྟོན་ལག་བསྟར་ནན་མོ་བྱེད་པ་དང་། ཇུས་གཞི་གཏན་འབེབས་བྱེད་པ། ཐག་གཅོད་རྒྱུད་རིམ་ཚད་ལྡན་དུ་བསྒྱུར་ནས། སྔ་མོ་ནས་ནད་པར་བརྟག་དཔྱད་བྱེད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་བགར་བ། སྔ་མོ་ནས་སྨན་བཅོས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།