​མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀང་ཨའོ་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱིས་ཀང་ཨའོ་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི2019ལོའི་ཀང་ཨའོ་བྱ་བཞག་ལ་ཕྱིར་ལྟ་བྱས་ཤིང་ལོ་གསར་བའི་བྱ་བར་བཀོད་སྒྲིག་བྱས། ཀང་ཨའོ་ཨུ་ཡོན་གྱིས“དགེ་མཚན་ལྡན་པའི་ནུས་པ་གཉིས”འདོན་སྤེལ་གང་ལེགས་བྱེད་པར་དམིགས་ནས་བཞུགས་མོལ་དང་བསམ་ཚུལ་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཝུའུ་ཧན་ཀྲུང་དང་ཧུའུ་ཅིན་ཧན། ཀྲང་རན་བཅས་ཀྱིས་སོ་སོར་ཞང་ཀང་དང་ཨའོ་མོན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ཚབ་བྱས་ནས་གཏམ་བཤད་ཅིང་བཞུགས་མོལ་ཚོགས་འདུའི་རྣམ་པ་ཧ་ཅང་བཟང་། འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་གྱིས་དཀའ་སེལ་འབད་འཐབ་ཀྱིས་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཚང་མས་ཁས་ལེན་དང་གདེང་འཇོག་གང་ལེགས་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གྲོས་ལ་ལས་སྟེགས་བསྐྲུན་པ་དང་འགན་ལེན་ཁག་ཁུར་བྱས་པར་བློ་ཡིད་ཚིམ་ཡོད། ཚོགས་ཞུགས་མི་སྣས་ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་གྱིས་ཇི་ལྟར་ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད“དགེ་མཚན་གཉིས་ལྡན་གྱི་ནུས་པ”འདོན་སྤེལ་བྱས་ནས་མཚོ་སྔོན་དང་ཤང་ཀང་ཨའོ་མོན་བར་གྱི་སྤེལ་རྒྱུག་དང་འབྲེལ་སྦྱོར་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་བློ་བརྗེ་རེས་བྱས་ཤིང་། ཕན་ཚུན་དབར་གྱི་ཤེས་རྟོགས་དང་མཛའ་འབྲེལ་ཇེ་ཟབ་ཏུ་བཏང་ཡོད། 

ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་གནད་འཁེལ་ལག་བསྟར་བྱས་ཏེ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ནས་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲིད་ཞུགས་སྲིད་གྲོས་ཧུར་ཐག་བྱས་ཏེ་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་ཞེས་བཤད།  

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ལོ་གསར་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཨུ་ཡོན་གྱི་ཆབ་སྲིད་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་ནས་ཤང་ཀང་དང་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་རྒྱ་ཁྱབ་དང་དྲང་ནུས་གཅིག་ཏུ་སྒྲིལ་ནས་ཤང་ཀང་དང་ཨའོ་མོན་གྱི་སྤྱི་ཚོགས་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་པ་དང་། ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་ཚོའི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་དྲིལ་བསྒྲགས་དང་འོས་སྦྱོར་མང་ཙམ་བྱེད་པ་དང་། ཧུར་ཐག་སྒོས་བློ་ཡག་བཏོན་ཞིང་ཇུས་བཟང་ཕུལ་ནས་མཚོ་སྔོན་གྱི་སྒོ་མོ་སྔར་བས་རྒྱ་ཆེར་འབྱེད་རྒྱུར་སྐུལ་འདེད་གཏོང་དགོས། མཚོ་སྔོན་དང་ཤང་ཀང་ཨའོ་མོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཧུར་ཐག་སྒོས་མཚོ་སྔོན་དང་ཤང་ཀང་། མཚོ་སྔོནདང་ཨོ་སི་ཁྲུ་ལི་ཡའི་སྤེལ་རྒྱུག་མཉམ་ལས་ལ་ལས་སྟེགས་གཏོད་པ་དང་། གོམ་གང་མདུན་སྤོས་སྒོས་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་ནས་ཤང་ཀང་ཨའོ་མོན་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་ཤིང་ཆེ་བ་འབུལ་དགོས། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲོའུ་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།