མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་སྤྱི་སྡོམ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་སྤྱི་སྡོམ་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་གྲོས་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ཀྱིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་རིམ་པ་སོ་སོའི་བྱ་བའི་སྡེ་ཁག་གིས་གནས་ཚུལ་ལ་སྤྱི་སྡོམ་དང་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ལས་བྱེད་པ་ཡོངས་ཀྱིས་འོས་འགན་ལག་བསྟར་དང་སྟོབས་ཤུགས་གཅིག་བསྡུས་སྒོས་གྲོས་ཚོགས་ཀྱི་རིམ་པ་སོ་སོའི་ཞབས་ཞུའི་འགན་སྲུང་བྱ་བ་བདེ་ལེགས་ངང་ཡོངས་འགྲུབ་བྱས།

ཀྲང་ཀོང་རུང་གིས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་རིམ་པ་སོ་སོའི་ལས་བྱེད་པའི་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།  ཆབ་སྲིད་ཐད་ནས་ཚད་མཐོན་པོའི་བསམ་བློའི་རང་རྟོགས་ཀྱིས་འགུལ་བསྐྱོད་ལ་སྣེ་ཁྲིད་དེ་རིམ་པ་སོ་སོའི་བྱ་བར་ཆབ་སྲིད་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ། འགན་འཁྲི་ཕྲག་སྟེང་དུ་བླངས་ནས་སེམས་ཞིབ་མོས་བཀོད་སྒྲིག་དང་མཐུན་སྒྲིལ་གཞོགས་འདེགས་བྱས་ཏེ་འགན་འཁྲིའི་ཁག་ཁུར་དང་འདུ་ཤེས་གསལ་བོར་བྱས། ཞིབ་ཕྲ་གསལ་བོར་འཛིན་པ་དང་བསླབ་བྱར་སྤྱི་སྡོམ་ལེགས་པོ་བྱས་ཏེ་ཞིབ་ཕྲའི་གནད་དོན་ཁོང་དུ་ཆུད་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།