ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་མཐར་ཕྱིན་བྱས་ནས། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་བྱ་བའི་གནད་ས་དང་གཙོ་གནད་གསུམ་དང་ཆེན་པོ་གཅིག་གི་ལས་གཞིའི་ཐུན་མོང་ཇུས་ཆོད་ཀྱི་ལག་བསྟར་བྱེད་ཕྱོགས་ལ་ཞིབ་འཇུག་གྲོས་མོལ་བྱས། 

གྲོས་ཚོགས་ལས་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྲུན་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དགོངས་དོན་ལ་གོ་བ་ལེན་པ་དང་འགག་རྩར་དམ་དུ་དམིགས་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྲིད་གཞུང་གི་འགན་དབང་རྩིས་ཐོའི་ལམ་ལུགས་ལག་བསྟར་བྱེད་པ། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱེད་དགོས། ལས་གནས་གཅིག་གི་སྟེང་ནས་འགན་འཁྲི་གཉིས་ལག་བསྟར་ནན་ཏན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་བསྡུས་སྒོས་ཐག་གཅོད་ཡག་པོ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན། གོང་གིས་འོག་ལ་སྣེ་ཁྲིད་དེ་རང་རྟོགས་ངང་རུལ་རྒོལ་གཙང་སྤེལ་ལ་གོང་བཀུར་ཞུ་མཁན་དང་། ལག་བསྟར་བྱེད་མཁན། ལག་ལེན་བསྟར་མཁན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཕན་འབྲས་གསར་བར་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། 

ཚོགས་ཐོག་ནས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ལས་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་གོང་བུ་གཅིག་གྱུར་ཡིན་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་གཞི་རྐང་དུ་འཛིན་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བསྐྲུན་དགོས།  སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་ལྷུ་ཚིགས་གལ་ཆེན་གྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་མཐར། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་དུས་རབས་གསར་བའི་ཏང་འཛུགས་སྐྲུན་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྲིད་གཞུང་ཏང་ཙུའུ་ཡི་ཏང་འཛུགས་སྐྲུན་ལས་དོན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ། གཙོ་གནད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་མཐར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། ལག་བསྟར་བྱ་ཐབས་བཟོ་བ་ནི་དུས་ཡུན་རིང་པོའི་ལག་ལེན་འཚོལ་ཞིབ་ཀྱི་རྨང་གཞིའི་ཐོག་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གཙོ་གནད་གསུམ་དང་གལ་ཆེན་གཅིག་གི་ཐུན་མོང་ཐབས་ཇུས་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འབྲེལ་ཡོད་གཏན་འབེབས་ལ་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཡག་པོ་བྱེད་པ། ཞིབ་འཇུག་བྱེད་དགོས་པའི་ཐབས་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། མ་དངུལ་འབོར་ཆེན་བེད་སྤྱོད་སོགས་ཀྱི་དོན་ཚན་སྔར་ལས་ཁ་གསལ་བཟོ་བ། ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་ཏང་ཙུའུ་ཡི་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།གྲོས་ཚོགས་ལས་དོན་དག་གཞན་པ་ལའང་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་། ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ་དང་ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།