འཐུས་མིའི་སེམས་གཏམ།

༡.jpg

ཐབས་ལམ་མང་པོ་བརྒྱུད་ནས་ཞིང་བའི་ཡོང་སྒོ་འཕར་སྣོན་བྱེད་པ། 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གུང་ཧོ་གྲོང་རྡལ་སའོ་ཨར་ཅིས་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི་སའོ་སུན་ཁྲིན། 

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར། ཐབས་ལམ་མང་པོ་བརྒྱུད་ནས་ཞིང་བའི་ཡོང་སྒོ་འཕར་སྣོོན་བྱེད་པར་སྐུལ་འདེད་གཏོང་དགོས། ན་ནིང་བར་ལོ་གཅིག་གི་འབད་འབངས་བྱས་མཐར། ང་ཚོའི་སྡེ་བའི་མི་རེ་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་ལྷག་ལ་སླེབས། ད་ལོར་ཡོང་སྒོ་ཐད་ནས་འཕར་སྣོན་བྱུང་དགོས་ན་ཕྱོགས་གཅིག་ནས་སྔོ་ཚོད་ཀྱི་འདེབས་རྒྱ་ཇེ་ཆེར་གཏོང་དགོས་པ་དང་། ཕྱོགས་གཅིག་ནས་འདེབས་འཛུགས་དུད་ཁྱིམ་ཚོར་རྒྱབ་སྐྱོར་བྱས་ཏེ། འདེབས་འཛུགས་དུད་ཁྱིམ་ཚང་མ་འབྱོར་ཕྱུག་གི་ལམ་དུ་སྐྱོད་པའི་དུས་མཚུངས་སུ། མཐའ་འཁོར་གྱི་དབུལ་ཕོངས་དུད་ཁྱིམ་ཚང་མ་སྣེ་ཁྲིད་ནས་དབུལ་ཕོངས་ལས་ཐར་བར་སྐུལ་འདེད་བྱེད་དགོས་ཟེར། 

༢.jpg

མཉམ་ལས་ཁང་སྒྲུབ་པ་ནི་ཞིང་སྡེ་འབྱོར་ཕྱུག་གི་ལམ་དུ་ཁྲིད་པའི་བགྲོད་ལམ་ཡང་དག་ཞིག་རེད། 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གངས་ལྗོངས་ནོར་གཡང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་བདག་གཉེར་བ་ཆོས་འབུམ་རྒྱལ། 

2019ལོར་ང་ཚོའི་མཉམ་ལས་ཁང་དང་གཞན་གྱི་མཉམ་ལས་ཁང་གསུམ་མཉམ་འབྲེལ་བྱས་ཏེ་མཉམ་ལས་ཁང་གཅིག་ཏུ་བཏང་ཞིང་། གཞི་རྒྱ་སྔོན་ཆད་ལས་ལྡབ་མང་པོའི་ཇེ་ཆེར་སོང་ཡོད། ད་ལྟ་མཉམ་ལས་ཁང་དུ་ཟོག་ནོར༧༠༠༠༠ཙམ་དང་བོད་ལུག༡༢༠༠༠༠ལྷག་ཡོད་པས། སྔོན་ཆད་གཞི་རྒྱ་ཆུང་བ་དང་ཚོང་གཉེར་གྱི་སྟོབས་ཤུགས་ཞན་པ། ཚོང་རའི་འགྲན་རྩོད་ཀྱི་ནུས་ཤུགས་ཞན་པ་སོགས་ཀྱི་གནད་དོན་ཐད་གིས་བཅད། ཞིང་སྡེའི་དར་རྒྱས་བྱེད་པའི་ཐབས་ཇུས་གཏིང་ཟབ་མོས་ལག་བསྟར་བྱེད་བཞིན་པའི་ད་ལྟ། ང་ཚོའི་མཉམ་ལས་ཁང་གི་འདུན་ལྗོངས་སྔར་ལས་ལེགས་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། 

༣.jpg

ཞིང་སྡེའི་རྒན་རྒན་ཚོར་ལས་ཞུགས་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་དགོས་པ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཧན་ཏུང་ཧུའེ་རིགས་ཤང་མར་གྲོང་ཚོའི་སློབ་ཆུང་གི་དགེ་རྒན་མྰ་ཧྥི་ཞིན། 

སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས། ཉེ་བའི་ལོ་འགའི་རིང་། ཞིང་སྡེའི་སློབ་གསོའི་བྱ་གཞག་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ང་ཚོའི་སྡེ་བའི་སློབ་ཆུང་དུ་སློབ་མ་སློབ་གྲྭ་འགྲིམས་ཚད98%ཡན་ལ་ཟིན་ཡོད་པ་དང་། འོན་ཀྱང་གྲོང་ཁྱེར་གྱི་སློབ་གྲྭ་དང་བསྡུར་ཚེ། དགེ་རྒན་གྱི་དཔུང་སྡེ་ཐད་ནས་ད་དུང་ཅུང་ཞན་པ་རེད། རེ་བ་ཡིན་ན་སྲིད་གཞུང་གིས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ཏེ། ཞིང་སྡེའི་དགེ་རྒན་ཚོར་ལས་ཞུགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ནས། ཞིང་སྡེའི་སློབ་གསོའི་བྱ་གཞག་དར་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་ཟེར། 

༤.jpg

ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་རིག་སྟོབས་ཀྱི་ཕྱོགས་ནས་འགན་སྲུང་བྱེད་དགོས། 

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཝང་ཞའོ་མའེ། 

སློབ་གསོ་ལེགས་པོ་སྒྲུབ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན་ལ། སློབ་གསོ་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་སྙེགས་པའི་དགོས་མཁོ་དང་བསྟུན་ཅི་ཐད་བྱེད་དགོས་པ་དང་། རྨང་གཞིའི་སློབ་གསོ་ལེགས་པོ་སྒྲུབ་པ་དང་ལས་རིགས་སློབ་གསོ་མཐོར་འདེགས་སུ་གཏོང་བ། མཐོ་རིམ་སློབ་གསོའི་མིང་རྟགས་གསར་སྐྲུན་བྱེད་པ་བཅས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་རིག་སྟོབས་འགན་སྲུང་བྱེད་དགོས་ཟེར། 

༥.jpg

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དམངས་ཡོངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་དགོས། 

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་ཀྲུའུ་རིན་སྨན་པ་ཀྲང་ཀོང་རོང་། 

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དམངས་ཡོངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་དགོས་ལ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་དམངས་ཀྱི་བདེ་ཐང་ཆུ་ཚད་ལ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་པ་དང་། སྨན་བཅོས་བཅོས་བསྒྱུར་ཀྱི་བྱ་བ་གཏིང་ཟབ་མོ་སྤེལ་བ། “དྲ་སྦྲེལ་+སྨན་བཅོས་བདེ་ཐང་”ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་རིམ་ནད་འགོག་བཅོས་མཁྲིགས་གཏོར་བྱ་བར་ཤུགས་བསྣན་པ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་བཅས་བདེ་ཐང་གི་འདུ་ཤེས་དེ་དམངས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་སར་གྱུར་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྨན་བཅོས་ཐད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། 

༦.jpg

གྲོང་ཁྱེར་གྱི་ཁོར་ཡུག་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་པ། 

ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ། ཟི་ལིང་གྲོང་ཁྱེར་གད་སྙིགས་གཙང་སེལ་ཀུང་སི་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཡན་ལག་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་པ་མའེ་ཧྥུན་ལེན། 

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་མི་སྡོད་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་ནི་ཁྱོན་་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལས་དོན་གཙོ་བོའི་གྲས་སུ་བཞག་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོང་བཟོ་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་ལས་དོན་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པར་ངོས་འཛིན་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་། ང་ཚོའི་རྫོང་མཁར་ལ་འགྱུར་ལྡོག་ཧ་ཅང་ཆེ། ཉེ་བའི་ལོ་ཤས་རིང་། ང་ཚོའི་རྫོང་མཁར་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་།  ཐོག་ཁང་མཐོན་པོ་ཇེ་མང་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྲང་ལམ་གྱི་གཙང་སྤྲ་ཡང་སྔར་ལས་ཇེ་གཙང་ཡིན་པས། མིའི་བྱང་ཚད་ཇེ་མཐོར་སོང་ནས་ཁོར་ཡུག་སྔར་ལས་ཇེ་ཡག་ཡིན་ཟེར།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།