ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་རྗེས། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་འདུ་བསྡུས། ཚོགས་འདུ་མ་འཚོགས་གོང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་དྲུང་ཡིག་ཁྲུའུ་ཡི་ལས་བྱེད་མི་སྣ་ཡོངས་ལ་འཚམས་འདྲི་བྱས་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་ཕྱོགས་བསྡོམས་དང་གཟེངས་བསྟོད་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་གི《ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཕུལ་བྱུང་ལས་དོན་མི་སྣར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས་པ་རེད།
ཝང་ཞའོ་ཡུང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་ཡང་དག་འོག ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་ཏང་གི་འགོ་ཁྲིད་དེ་ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོ་དང་ཚོགས་རིམ་སོ་སོར་ཁྱབ་པ་བྱས་ནས། ཚོགས་འདུ་ཧྲིལ་པོའི་གྲ་སྒྲིག་ལས་དོན་གྱི་འགོ་ཚུགས་སྔ་ཞིང་རྨང་གཞི་བརྟན་པ། ཚོགས་འདུའི་ཡིག་ཆའི་དཔྱད་ཡིག་གི་སྤུས་ཚད་མཐོ་ཞིང་ཚུར་སྣང་ཆེ་བ། ཚོགས་འདུའི་རྩ་འཛུགས་ཀྱི་འགན་ལེན་གྱིས་མཐུན་སྒྲིལ་ལ་དོ་སྣང་དང་མཉམ་ལས་ལ་མཐོང་ཆེན་བྱེད་པས། ཚོགས་འདུའི་ལས་དོན་སོ་སོ་ཚད་མཐུན་གོ་རིམ་ལྡན་ཞིང་། གཟབ་ནན་ཞིབ་ཚགས་ཡིན་ལ། དངོས་སྒྲུབ་ཕན་འབྲས་ཆེ་བ། སྒྲིག་ཁྲིམས་ནན་མོ་ཡོད་པ། སྤྱོད་གཙང་སྲོལ་བཟང་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། ཚོགས་འདུ་འདིས་ད་ལོའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་པས་མཚོ་སྔོན་གྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལམ་བུ་གསར་པར་བསྐྱོད་རྒྱུ་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་སོ་སོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ཚང་མས་བསམ་པའི་རྣམ་པ་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཞིང་སླར་ཡང་ངར་ཤུགས་སྤེལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་དེ་བས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བ་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་འདུ་བསྡུས་པ།