མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ལ་གཙོ་སྐྱོང་གནང་སྟེ་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2020ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་བྱ་བའི་གཙོ་གནད་དང་། “གལ་ཆེན་གསུམ་དང་དོན་ཆེན་གཅིག”གི་དོན་ཚན་གྱི་མཉམ་སྡེབ་ཐབས་ཇུས་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་སྟེང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2019ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྱོང་ལས་དོན་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད། དགོངས་དོན་ལ་གོ་བ་ལེན་པ་དང་། འགག་རྩར་དམིགས་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་ལག་བསྟར་བྱེད་པ། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱེད་དགོས། “ལས་གནས་གཅིག་ལ་འགན་འཁྲི་གཉིས་”ལག་བསྟར་ནན་ཏན་བྱས་ཏེ་དབུལ་ཐར་འགག་སྒྲོལ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བཟང་པོ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྒྲིག་སྲུང་རང་གཅུན་དང་། རང་དཔེ་གཞན་སྟོན། གོང་འོག་སྣེ་ཁྲིད་དང་རང་རྟོགས་ངང་རུལ་རྒོལ་གཙང་སྤེལ་ལ་གོང་བཀུར་ཞུ་མཁན་དང་། ལག་བསྟར་བྱེད་མཁན། ལག་ལེན་བསྟར་མཁན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྲིད་གཞུང་ཏང་ཙུའུ་ཡི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གཙོ་གནད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་རྒྱུར་ནུས་ཤུགས་ཡོད་རྒུས་འདོན་དགོས་པར་ནན་བཤད་གནང་བ་རེད།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་དང་ཏང་ཙུའི་ཁོངས་མི་ཡན་ཅིན་ཧའེ་དང་། ཝང་ལི་མིང་། དབྱང་ཧྥུང་ཁྲུན། ཐེན་ཅིན་ཁྲེན། ཀྲང་ལི། ལིག་ཐའོ་བཅས་ཚོགས་འདུར་ཞུགས་ཡོད་པ་མ་ཟད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཀྱང་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།