མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བའི་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བའི་ཐོག་ཧྲིན་ཀྲང་ལིག་ཉིང་གི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།  ཚོགས་འདུས་ཞིང་ཆེན་མི་དམངས་སྲིད་གཞུང་གི་འདས་ཟིན་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་།  སྙན་ཞུ་ནང་བཏོན་པའི་2020ལོའི་བྱ་བའི་སྤྱིའི་རེ་འདུན་དང་བྱ་བའི་དམིགས་འབེན་གཙོ་བོ།  བྱ་བའི་གཙོ་གནད་ཀྱི་འོས་འགན་བཅས་ལ་མོས་མཐུན་བྱུང་བ་དང་།  སྙན་ཞུ་དེར་ཆོག་མཆན་འགོད་རྒྱུའི་གཏན་འབེབས་གནང་།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་སྔར་ལས་ལྷག་པའི་མཐུན་སྒྲིལ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་ཏེ།   ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག   ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་།  སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།  བཞི་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་པ་ཁག་གི་དགོངས་དོོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་།  ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཇུས་གཞི་དོན་འཁྱོལ་བྱེད་པ།  “འདུ་ཤེས་བཞི་”ཇེ་བརྟན་དང་།  “ཡིད་རྟོན་བཞི”བརྟན་བརླིང་དུ་གཏོང་བ།’ “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ།  བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་འདུ་ཤེས་གསར་བའི་འདུ་ཤེས་མཐའ་འཁྱོངས་བཅས་བྱེད་པ།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་བོར་འཛིན་རྒྱུར་མཐའ་འཁྱོངས་བྱེད་པ།  བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ།  འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁབ་ལེན་པ་དང་། “བརྟན་ལྷིང་དྲུག་”གི་ལས་དོན་ལེགས་པར་བསྒྲུབ་པ་དང་“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་།  ཤུགས་ཆེན་པོས“དམིགས་བསལ་གཅིག་དང་མཐོ་བ་གཉིས་”ལ་སྐུལ་འདེད་གཏོང་བ་དང་ “དཔེ་སྟོན་ཞིང་ཆེན་ལྔ་”འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་པ།  “དཔལ་འབྱོར་གྱི་རྣམ་པ་བཞི་”ཡི་སྣེ་ཁྲིད་ནུས་ཤུགས་ཆེ་རུ་གཏོང་བ།  ལྗང་མདོག་གི་འཕེལ་རྒྱས་རྣམ་པ་རིམ་སྤོར་མཐོར་འདེགས་གཏོང་བ་བཅས་དང་།  ཡོང་འབབ་འཕར་སྣོན་དང་བཅོས་བསྒྱུར་སྐུལ་འདེད།  གྲུབ་ཚུལ་ལེགས་སྒྲིག  དམངས་འཚོར་གཟིགས་སྐྱོང་།  ཉེན་ཁ་འགོག་སྲུང་།  བརྟན་ལྷིང་སྲུང་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས།  མུ་མཐུད་དུ་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།  དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་“ལོ་ལྔའི་ཚན་བཅུ་གསུམ་པའི་"འཆར་འགོད་རྒྱལ་ཁའི་ངང་མཇུག་སྒྲིལ་བར་འགན་ལེན་བྱེད་དགོས།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།