མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུ་དང་། “ལོ་ལྔའི་ཚན་བཅུ་གསུམ་པའི་”འཆར་འགོད་ལེགས་འགྲུབ་ཡོང་བར་འབད་བརྩོན་ལྷོད་མེད་བྱེད།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བ་རྒྱལ་ཁའི་ངང་མཇུག་སྒྲིལ།

ཝང་ཅན་ཅུན། ལིའུ་ཉིང་། རྡོ་རྗེ་རབ་བརྟན་བཅས་ཚོགས་འདུར་ཕེབས་པ་དང་། ཀྲང་ཀོང་རུང་གིས་ཚོགས་འདིར་གཙོ་སྐྱོང་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བའི་གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། 

ཚོགས་ཆེན་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། ལང་ཚོ་གཏོང་ཟད་དུ་མི་གཏོང་བ། སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། 

ཚོགས་འདུར་ཞུགས་དགོས་པའི་འཐུས་མི391ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི379ཡོད་པ་དེ་ཁྲིམས་ལུགས་ཀྱི་གཏན་འབེབས་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རུང་། མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུང་། ལིག་ཐུང་ཏེ།  ཅ་ཡུན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ལིག་ཉིང་དང་། རྡོ་རྗེ་རབ་བརྟན།  ཝང་ཞའོ། མགོན་པོ་བཀྲ་ཤིས། ཐེན་ཅ་ཚའེ། ཀྲང་ཞི་མིང་།  ལིས་ཅེ་ཞང་། ཡན་ཅིན་ཧེ། ཝང་ཡུས་ཡན།  ཡུས་ཚུང་ལི། མ་ཅུས་ཞའོ། ཆུས་ཞིན་ཡུང་།  ཡན་པའེ་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།  

ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

微信图片_20200119174621.jpg

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་དོན་ཚན་ཡོངས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། 

ཚོགས་འདུའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ལ། 2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2020ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་མ་ཟད། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།

ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་སྟེང་། འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོའི་ཐུན་མོང་འབད་བརྩོན་འོག་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། སྙན་ཞུ་གཞན་དག་བཅས་ལ་གྲོས་ཞིབ་དང་ཆོག་མཆན་སྤྲད་པ་མ་ཟད། གྲོས་ཆོད་ཁག་ལ་གྲོས་འཆམ་བྱུང་ནས་གྲོས་རིམ་དོན་ཚན་ཡོངས་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བ་དང་། ཚོགས་འདུའི་སྐབས་སུ་འཐུས་མི་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ་ཚད་མཐོའི་རང་རྟོགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ། ཚོགས་ཆེན་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བའི་ངང་འཚོགས་པ། དངོས་དོན་གཉེར་བ། ལས་ཆོད་ཆེ་བ། གྲུབ་འབྲས་ཕུན་སུམ་ཚོགས་པ་བཅས་བྱུང་བ་འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱི་ཚོགས་ཆེན་ཞིག་དང་། སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་པའི་ཚོགས་ཆེན་ཞིག་དང་། དམངས་གཙོ་མཐུན་སྒྲིལ་དང་སྤྱོད་བཟང་གཞུང་དྲང་གི་ཚོགས་ཆེན་ཞིག་ཡིན་པར་བསྟན།

ཀྲང་ཀོང་རུང་གིས་ཚོགས་འདུ་མཇུག་སྒྲིལ་བ་ནི་བྱ་བ་དོན་འཁྱོལ་བྱེད་འགོ་བཙུགས་པ་ཞིག་ཡིན་པས། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་དང་། གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བཟང་པོ་བྱེད་པ། གྲོས་ཆོད་དོན་ཚན་ཡོངས་ལག་བསྟར་བཟང་པོ་བྱེད་པ། འཐུས་མི་ཡོངས་ཀྱིས་ངོས་འཛིན་གཅིག་མཐུན་གྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དོན་དངོས་བྱེད་སྒོ་ལ་བསྒྱུར་ཏེ། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་དྲིས་ལེན་འབུལ་གང་ཐུབ་བྱེད་དགོས་པར་བསྟན་ལ། རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་འཛིན་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་། ལྷག་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་པ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ལ་དམ་དུ་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་བ་དང་། ཁྲིམས་འཛུགས་དང་། ལྟ་སྐུལ། ཐག་གཅོད། བསྐོ་འཐེན། འཐུས་མིའི་ལས་དོན་བཅས་ལེགས་སྒྲུབ་ཏན་ཏིག་བྱེད་པ། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། “མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་དོན་འཁྱོལ་”ཞེས་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། བཏོན་ཟིན་པའི་བསམ་འཆར་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལྔ་བཞིའི་འཐབ་ཇུས་”ལག་བསྟར་གཏིང་ཟབ་དང་། “ལེགས་གཅིག་མཐོ་གཉིས་”ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “ལོ་ལྔའི་ཚན་བཅུ་གསུམ་པ་”ཕྱོགས་ཡོངས་ནས་མཇུག་བསྡུ་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པ་བཅས་ཀྱི་ཆེད་དུ་སྔར་ལས་ལྷག་པའི་སྒོ་ནས་ལེགས་སྐྱེས་གསར་པ་འབུལ་དགོས་པར་བསྟན།

ཀྲང་ཀོང་རུང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མངོན་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བརྗོད་དོན་དང་། ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པ་ནི་དུས་རབས་གསར་པས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་གནང་བའི་བླ་ན་མེད་པའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན། མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་། ང་འཐུས་མིར་བདམས་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན། ཞིང་ཆེན་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚང་མས“འཐུས་མི་ནི་མཚན་སྙན་དང་ཡིད་ཆེས་ཡིན་པ་དང་། དེ་བས་གོ་གནས་དང་འགན་འཁྲི་ཞིག་ཀྱང་ཡིན”ཞེས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་གཏིང་ཟབ་བསྟར་ནས། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་དང་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་། མི་དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་པ། མི་དམངས་ཀྱི་སེམས་ཁྲལ་སེལ་བ། མི་དམངས་ཀྱི་དོ་ཁུར་ལ་ཧུར་ཐག་གིས་བརྡ་ལན་སྤྲོད་པ། མི་དམངས་ཀྱི་མགྲིན་ཚབ་པ་དང་མང་ཚོགས་ཀྱི་སྙིང་གྲོགས་བཟང་པོ་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཟང་པོ་དང་། དུས་རབས་གསར་པར་འབད་འཐབ་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱ་དགོས་པར་བསྟན།

ཀྲང་ཀོང་རུང་གིས་ལོ་གཅིག་གི་འཆར་གཞི་དཔྱིད་ཀར་ཐུག་པ་དང་འབད་འཐབ་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། 2020ལོ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལོ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། “ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱ་དང་པོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་པར་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། “ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་ལེགས་གྲུབ་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་པར་བསྟན།

微信图片_20200119174634.jpg

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཡོངས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། 

གཞན་ཀྲུའུ་ཞི་སྟེགས་བུའི་ཐོག་ཁོང་ཡུང་དང་། ཝང་ལིས་མིང་། དབྱང་ཧྥིན་ཁྲོན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཝང་ཞའོ་ཡུང་།  རིན་ཆེན་རྣམ་རྒྱལ།  ཏུའུ་ཅེ། ཀྲང་ཝུན་ཁའེ།  མཱ་ཧེ་ཡུན།  ཝང་ཞོན།  ཏུའུ་ཏི་ཀྲི། མཱ་ཀྲི་ཝེ།  ཁྲིན་མིང་གོ  མོང་ཡུང་ཧྲན། ཧོང་ཁྲའོ་ཧུའེ། ལིས་ཙའེ་ཡོན་སོགས་བཞུགས་ཡོད།

མུའུ་ཏུང་ཧྲེང་དང་། སུའུ་ཉིན་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་ཚོགས་ཆེན་མཇུག་སྒྲིལ་བ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།