མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་འཐུས་མིས་ཚན་ཁག་བགོས་ཏེ་གྲོས་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་འཐུས་མིས་ཚན་ཁག་བགོས་ཏེ་གྲོས་ཞིབ་བྱས། ཚང་མས་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་དམིགས་ཏེ་གཏམ་བཤད་པ་དང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད་བསམ་འཆར་དང་བསམ་ཚུལ་བཏོན།

གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ལ་ཁས་ལེན་གང་ལེགས་བྱས། ཁོ་ཚོས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་དོན་དུ་ཁྲིམས་སྐྱོང་དང་དྲང་བཞག་ཁྲིམས་སྐྱོང་རྒྱུན་འཁྱོངས་བྱས་ཤིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ཞབས་ཕྱི་སྒྲུབ་པ་འགན་སྲུང་བྱས་ནས། ལྔ་བཞིའི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བར་ནུས་ལྡན་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས། སྙན་ཞུའི་ནང་དུ་ད་ལོའི་བྱ་བར་བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན་པ་དང་གནད་འཁེལ་དངོས་གཉེར་ཡིན་ལ། དམིགས་ཡུལ་རང་བཞིན་དང་ལག་བསྟར་རང་བཞིན་དྲག་པོ་ལྡན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།