མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་དགུ་ཡོད་པ་དང་། མི་རེ་དྲུག་གྲོས་ཚོགས་ལ་དངོས་སུ་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཉི་མ་སྒྲོལ་མས་གྲོས་ཚོགས་ལ་འགོ་མཛིན་བྱས། གྲོས་ཚོགས་ཀྱི་གྲོས་རིམ་བསྡོམས་པས་དགུ་ཡོད་དེ། གཅིག་ནས་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་མ་ཟད། འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་པ། གཉིས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་འཆམ་འབྱུང་བ། གསུམ་ནས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་པ། བཞི་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2019ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2020ལོའི་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་འཆམ་འབྱུང་བ། ལྔ་ནས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2020ལོའི་སྔོན་རྩིས་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་པ། དྲུག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་མ་ཟད། འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་པ། བདུན་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་དང་། འཐུབ་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་པ། བརྒྱད་ནས་ཞིང་ཆེན་མི་དམངས་ཞིབ་བཤེར་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་མ་ཟད། འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་པ། དགུ་ནས་གྲོས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་པའི་གྲོས་གཞི་སྐོར་གྱི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་འཆམ་འབྱུང་བ་བཅས་ཡིན།

གྲོས་ཚོགས་ཀྱིས་རིམ་པ་བཞིན་གོང་གི་གྲོས་རིམ་དགུ་ལ་གྲོས་འཆམ་བཀོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།