མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་སྒྲིལ།

政协闭幕(4787614)-20200119085543.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་འགན་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲོའུ་ཁྲེང་། ཏུའུ་ཅེ། ཀྲང་ཝུན་ཁུའེ། མ་ཧའེ་ཡིང་། ཝང་ཞོན། ཏུའུ་ཏེ་ཀྲི། དྲུང་ཡིག་ཆེན་མོ་ལིག་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཝང་ཅན་ཅུན་དང་། ལིག་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐེང་ཅ་ཚའེ། ཀྲང་ཞི་མིང་། ལིས་ཅེ་ཞང་། ཡན་ཅིན་ཧའེ། ཡུས་ཚུང་ལེ། མ་ཅི་ཞའོ། ཆུས་ཞིན་ཡུང་བཅས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན391ཡོད་པ་དང་། མཇུག་སྒྲིལ་ཚོགས་འདུར་ཞུགས་པའི་ཨུ་ཡོན358ཡོད་པ་དེ་ཁྲིམས་ལུགས་ཀྱི་གཏན་འབེབས་མི་གྲངས་དང་མཐུན།

རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ་རེད།

ཚོགས་ཆེན་ཐོག་རིམ་བཞིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་ལ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

ཝང་ཞིའུ་ཧྥེང་དང་། ཀྲང་ཀོང་རུང་། མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏེ། ཁོང་ཡུང་། ཝང་ལི་མིང་། དབྱང་ཧྥིན་ཁྲུན།  ཐེན་ཅིང་ཁྲེན། ཀྲང་ལི། དབྱང་ཁའོ་ཞང་སོགས་ཀྱང་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།  

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་ཚོགས་ཆེན་མཇུག་སྒྲིལ་བ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།