མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད། ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི69ཡོད་ལ། དངོས་ཞུགས་ཁོངས་མི66ཡོད་པས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་རེད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རུང་། མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲེང་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐོང་ཏེ། ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཉའོ་ཁྲེང་ཡུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། གྲོས་ཚོགས་ཀྱི་གྲོས་རིམ་ལ་ཁྱོན་བསྡོམས་དོན་ཚན་དྲུག་ཡོད་དེ།

གཅིག སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་སྟེང་ཐག་གཅོད་བྱ་རྒྱུ།

གཉིས། མཚོ་སྔོན་ཞིང་ཆེན་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་སྟེང་ཐག་གཅོད་བྱ་རྒྱུ།

གསུམ། མཚོ་སྔོན་ཞིང་ཆེན་གྱི2019ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2020ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་སྟེང་ཐག་གཅོད་བྱ་རྒྱུ།

བཞི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་སྟེང་ཐག་གཅོད་བྱ་རྒྱུ།

ལྔ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་ཐོག་སྟེང་གཅོད་བྱ་རྒྱུ།

དྲུག ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་སྟེང་ཐག་གཅོད་བྱ་རྒྱུ།

ཚོགས་འདུའི་སྟེང་གྲོས་རིམ་བཞིན་གོང་གི་གྲོས་རིམ་དོན་ཚན་དྲུག་ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།