​རྒྱ་གྲམ་དམར་པོའི་སྐྱ་མི་ཞབས་ཕྱི་རུ་ཁག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་རྐྱང་ཆེན་རྩྭ་ཐང་ནི་ཁ་བས་གཡོགས་པ་དང་གྲང་རླུང་འུར་འུར་ལྡང་ནས་བྱ་དངོས་ཡོད་ཚད་གཉིད་དུ་ཡུར་བའི་དུས་ཚིགས་ཤིག་རེད། ཐག་རིང་གི་རི་ལྡེབས་སུ་རྟ་པ་རུ་ཁག་ཅིག་དལ་གྱིས་ཚུར་སྙེག་བཞིན་ཡོད་པ་དང་། ཁོང་ཚོའི་ལུས་སྟེང་གི་ཁ་དོག་དཀར་དམར་འདྲེས་མའི་རྒྱ་གྲམ་དམར་པོའི་དང་བླངས་པའི་སྟོད་གོས་དེ་ཉི་འོད་འོག་གསལ་བོར་མངོན་ཡོད། ཁོང་ཚོ་ནི་མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་པའི་སྐྱ་མི་དང་བླངས་པའི་ཞབས་ཞུ་རུ་ཁག་ཡིན་པ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཐག་རིང་ལུང་ཁུག་ན་འཚོ་བའི་དཀའ་ངལ་ཡོད་པའི་མང་ཚོགས་ལ2020ལོའི“སྙིང་རྗེའི་བརྩེ་སེམས་དུད་ཚང་ཁྲི་ལ་སྐྱེལ་བའི”འཚམས་འདྲིའི་དངོས་ཟོག་སྐྱེལ་མཁན་ར་ུཁག་རེད།

རྒྱ་གྲམ་དམར་པོའི་སྐྱ་མི་ཞབས་ཞུ་རུ་ཁག་བཙུགས་པ་ནས་བཟུང་། མགོ་ལོག་རྩྭ་ཐང་དུ་ལམ་མེད་པའི་རི་ཁུལ་དང་ལག་ཁྱེར་ཁ་པར་གྱི་བརྡ་རྟགས་མེད་པའི་ས་ཁུལ་དུ་ཁོང་ཚོའི་གཟུགས་བརྙན་དུས་རྒྱུན་མཐོང་རྒྱུ་ཡོད། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱ་གྲམ་དམར་པོའི་བརྩེ་སེམས་དེ་རྟ་ཐོག་ནས་དགོས་མཁོ་ཆེ་ཤོས་ཀྱི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱེལ་ནས་གཞི་རིམ་འབྲོག་ཁུལ་གྱི་རྒྱ་གྲམ་དམར་པོའི་མི་ཆོས་རོགས་སྐྱོབ་ཀྱི“མཐའ་མའི་ལམ་ཐག”དེ་བརྒལ་བཞིན་ཡོད། དེ་རིང་ཁོ་ཚོས་ཡང་བསྐྱར་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་མཉམ་འབྲེལ་ལྷན་ཚོགས་ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པ་དང་། ཀྲུང་གོའི་འཁལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་གྱོན་ཆས་མཐུན་ཚོགས། འཁེལ་འཐག་འོད་ཟེར་ཚན་རྩལ་སློབ་གསོ་ཐེབས་རྩ་ཚོགས་པ་དང་མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་སྤེལ་བའི་བརྩེ་སེམས་དངོས་རྫས་ཞལ་འདེབས་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི2020ལོའི་ལོ་འཁོར་གྱི“སྙིང་རྗེའི་བརྩེ་སེམས་དུད་ཚང་ཁྲི་ལ་སྐྱེལ་བའི”བྱེད་སྒོར་ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་འབྲུག་ཐར་གྱིས་ཁོང་ཚོར་དགུན་དུས་ཀྱི་དང་བླངས་ཞབས་ཞུའི་སྒྲིག་ཆས་འདང་ངེས་ཁ་གསབ་བྱས་པ་དང་འབྲེལ། ཁོང་ཚོར་འཚམས་འདྲིའི་དངོས་ཟོག་དུས་ཐོག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནམ་ཟླ་འཁྱག་པའི་མཐོ་སྒང་ལ་ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཀྱི་རླབས་ཆེ་བའི་བརྩེ་སེམས་ལྡན་པའི་མི་སྣའི་ལྷག་བསམ་གང་ལེགས་ཡོད་པ་ཚོར་ཐུབ་པ་བྱེད་དགོས་པར་གདམས་པ་དང་ཆབས་ཅིག  ལམ་ཐག་གི་དཀའ་ཚེགས་ཁྱད་བསད་ཀྱིས་རྟར་བཞོན་པའི་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་དང་། ལྷག་པར་དུ་འཁྱག་འགོག་རྨས་བཅོས་བྱས་ཏེ་རང་ཉིད་ལ་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། །

མཐོ་སྒང་གི་གྲང་རླུང་ལ་སུན་པ་མེད་པར་ཐག་རིང་གི་རི་རྩེར་འཛེགས་ནས་དར་ལྕོག་ཡང་ཡང་སྒུལ། རྒྱ་གྲམ་དམར་པོའི་སྐྱ་མི་རུ་ཁག་གིས་མཚམས་རེར་མཐོན་པོའི་རི་བོ་བརྒལ་ཞིང་། མཚམས་རེར་བདེ་མོའི་རྩྭ་ཐང་བརྒྱུད་ནས་སླར་ཡང་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།