མཚོ་སྔོན་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་མཛད་སྒོ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། གསང་བདག་རྒྱལ།) ཟླ1ཚེས17ཉིན། སྣ་མང་མཚར་སྡུག མཉམ་འདྲེས་གསར་གཏོད།——མཚོ་སྔོན་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་མཛད་སྒོ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས་ཤིང་། ཟླ3ཚེས15ཉིན་བར་དུ་འགྲེམ་སྟོན་བྱ་རྒྱུ་རེད།

AF5A2820_Fotor.jpg

ཐེངས་འདིའི་འགྲེམ་སྟོན་ནི། མི་རིགས་རིག་གནས་ཕོ་བྲང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་བཅས་ཀྱིས་གཙོ་སྐྱོང་གནང་བ་དང་། མི་རིགས་རིག་གནས་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་། མི་རིགས་རིག་གནས་ཕོ་བྲང་འགྲེམ་སྟོན་ཁང་། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཀྲི་ཀྲུང་གིས་མཛད་སྒོར་མགོ་འཛིན་མཛད་པ་དང་། མི་རིགས་རིག་གནས་ཕོ་བྲང་གི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རེན་བློ་མཐུན་སུན་ཆིང་ཡིའུ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་ཐིང་གི་ཏང་རྩ་འཛུགས་ཧྲུའུ་ཅིའམ་ཐིང་ཀྲང་བློ་མཐུན་ཀྲང་ཉིང་གཉིས་ཀྱིས་འགྲེམ་སྟོན་མཛད་སྒོར་ཤིས་ཚིག་ཕུལ་བ་རེད།

AF5A2829_Fotor.jpg

AF5A2827_Fotor.jpg

AF5A2836_Fotor.jpg

AF5A2839_Fotor.jpg

AF5A2848_Fotor.jpg

ཀྲང་ཉིང་གིས་གསུང་དོན། མཚོ་སྔོན་ནི་ས་རྒྱ་ཆེ་བ་དང་། རི་ཀླུང་ཡངས་པ། མི་རིགས་མང་ལ་རིག་གནས་ཕུན་སུམ་ཚོགས་ཤིང་། ཡུལ་སྐོར་ཐོན་ཁུངས་མོད་པོ་ཡོད་པས། འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེ་བའི་ཞིང་ཆེན་ཞིག་ཡིན། མི་རིགས་རིག་གནས་ཕོ་བྲང་གིས་མཚོ་སྔོན་གྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་བྱེད་པ་དང་། སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། གོ་སྐབས་མཁོ་འདོན་དང་ལས་སྟེགས་བསྐྲུན་པ་བཅས་བྱས་པས་ཕན་འབྲས་ལེགས་པོ་འབྱུང་བར་ཐེ་ཚོམ་མེད། རྗེས་ཕྱོགས་ང་ཚོས་མི་རིགས་རིག་གནས་ཕོ་བྲང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། རང་ཞིང་གི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོན་པོའི་ངང་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བར་ཧུར་ཐག་འབད་ཐག་གིས་ལེགས་སྐྱེས་གང་ལེགས་དབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

AF5A2849_Fotor.jpg

ཤེས་གསལ་ལྟར་ན། “ལྔ་བཞིའི་འཐབ་ཇུས”ལ་བརྡ་ལན་ཧུར་ཐག་ཞུ་བ་དང་། “ལེགས་གཅིག་མཐོ་གཉིས”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མཚོ་སྔོན་ཞིང་ཆེན་གྱིས“རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱང་བུ་ལེགས་པར་སྟོན་པའི”སྙིང་སྟོབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཚུལ་རྒྱལ་ཡོངས་མི་དམངས་ལ་ལེགས་པར་མངོན་པ། མཚོ་སྔོན་མི་རིགས་ཀྱི་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་ཕུལ་དུ་བྱུང་བ་རྣམས་སྔར་བས་དར་སྤེལ་དང་བརྒྱུད་སྤེལ་བྱེད་པ། མཚོ་སྔོན་མི་རིགས་ཁག་གི་མི་དམངས་རྣམས་མཛའ་བརྩེའི་ལག་གདང་སྦྲེལ་ཅིང་། འཆམ་མཐུན་རོགས་རེས་ཀྱི་མཛེས་རིས་མངོན་པ། མཚོ་སྔོན་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་འགུག་ཤུགས་བཅས་ལེགས་པར་མངོན་པར་བྱ་ཆེད། “སྣ་མང་མཚར་སྡུག མཉམ་འདྲེས་གསར་གཏོད།——མཚོ་སྔོན་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན”གྱི་བྱེད་སྒོ་འདི་སྤེལ་བ་ཡིན་ལ། བྱེད་སྒོ་དེས་མཚོ་སྔོན་གྱི་གཞིས་སྡོད་མི་རིགས་ཆེན་པོ་དྲུག་ངོ་སྤྲོད་བྱ་རྒྱུ་འཇུག་སྒོར་བྱས་ཏེ། མཛེས་སྡུག་ལྡན་པའི་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་སྣ་ཁ་226འགྲེམ་སྟོན་བྱས་པ་བརྒྱུད། མཚོ་སྔོན་གྱི་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་དམངས་ཁྲོད་སྒྱུ་རྩལ་དང་སྣ་མང་རིག་གནས་ཀྱི་ཁྱད་ཆོས་ལེགས་པར་བཀྲམས་ནས། མཚོ་སྔོན་གྱི་མི་རིགས་ཁག་དབར་གྱི“ཁྱོད་ལ་ང་འདྲེས་ང་ལ་ཁྱོད་འདྲེས་པའི”འཆམ་མཐུན་འཕེལ་རྒྱས་ཀྱི་ལེའུ་གསར་པ་དེ་མངོན་པར་བྱས་ཡོད།

AF5A2814_Fotor.jpg

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། འགྲེམ་སྟོན་ནི་ཁག་དྲུག་ཏུ་བགོས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ཁག་དང་པོ“སྣ་མང་མཉམ་གནས།——མཚོ་སྔོན་གྱི་གཞིས་སྡོད་མི་རིགས”ཞེས་པ་ལས། རྒྱ་དང་བོད། ཧུའེ་རིགས། ཧོར། སོག་པོ། ས་ལར་བཅས་མི་རིགས་དྲུག་གིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ། མཚོ་སྔོན་གྱི་ས་གཞི་ཆེན་པོའི་ཐོག་ཏུ་བདེ་སྡུག་མཉམ་མྱོང་དང་། འོ་ཆུ་མཉམ་འདྲེས། ཕྱར་བ་གྲུ་འདེགས་བཅས་ཀྱིས་མི་རབས་ནས་མི་རབས་སུ་འཚོ་ཞིང་གནས་པའི་ངོ་མཚར་གྱི་བྱུང་བ་དག་གསོན་ཉམས་དོད་པོས་འགྲེམ་སྟོན་བྱས་ཡོད། 

AF5A2747_Fotor.jpg

AF5A2744_Fotor.jpg

AF5A2743_Fotor_Fotor.jpg

AF5A2748_Fotor.jpg

AF5A2955_Fotor.jpg

AF5A2769_Fotor.jpg

AF5A2791_Fotor.jpg

AF5A2992_Fotor.jpg

AF5A2761_Fotor.jpg

ཁག་གཉིས་པ“བཟོ་སེམས་བརྟན་སྲུང་།——དམངས་ཁྲོད་ཀྱི་བཟོ་རྩལ་མཛེས་སྡུག”ཅེས་པ་ལས། གཙོ་བོ་རེབ་གོང་སྒྱུ་རྩལ་འགྲེམ་སྟོན་བྱས་ཤིང་། ད་ཐེངས་ཀྱི་འགྲེམ་སྟོན་ཐོག་སྙིང་འབུམ་གྱི་ཐང་གའི་བརྩམས་ཆོས་བཞི་དམིགས་སུ་བཀར་ནས་འགྲེམ་སྟོན་བྱས་ཡོད་པ་དང་། ཁོང་ནི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་པ་གྲགས་ཅན་ཞིག་རེད།

AF5A2764_Fotor.jpg

AF5A2752_Fotor.jpg

AF5A2753_Fotor.jpg

AF5A2754_Fotor.jpg

AF5A2898_Fotor.jpg

AF5A2750_Fotor.jpg

 ཁག་གསུམ་པ“ལོ་རྒྱུས་སྙན་རྩོམ་རིང་མོ།——དམངས་ཁྲོད་རྩོམ་རིག”ཅེས་པ་ལས། གེ་སར་རྒྱལ་པོ་རྟ་ཕོར་ཆིབས་པའི་བརྐོས་བརྙན་དང་། ཧོར་གླིང་གཡུལ་འགྱེད་ལག་བྲིས་མ་སོགས་འགྲེམ་སྟོན་བྱས་ཡོད་པར་མ་ཟད། མགོ་ལོག་གི་པྲ་སྒྲུང་པ་གྲགས་ཅན་ཚེ་སྒྲུབ་ལགས་ཡུལ་དངོས་སུ་གདན་དྲངས་ཏེ་སྒྲུང་ཕབ་ཏུ་བཅུག་ཡོད་པས། ལྟད་མོ་པ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་ཡོད་པ་རེད།

AF5A2802_Fotor.jpg

AF5A2774_Fotor.jpg

AF5A2772_Fotor.jpg

AF5A2934_Fotor.jpg

AF5A2936_Fotor.jpg

ཁག་བཞི་པ“མེ་ཏོག་རྣམ་པར་བཀྲ་བའི་ལྷ་མཚོ།—ཟློས་གར་དང་། གླུ་གར། དམངས་སྲོལ”ཞེས་པ་ལས། གཙོ་བོ་མཚོ་སྔོན་གྱི་མེ་ཏོག་ཅེས་པའི་རྒྱའི(ཧུའེ་རིགས་ཀྱི)དམངས་ཁྲོད་མཛའ་གཞས་དང་། ཟློས་གར། གླུ་གར་སོགས་མི་རིགས་ཁག་གི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་བྱས་ཡོད།

AF5A2779_Fotor.jpg

AF5A2782_Fotor.jpg

AF5A2783_Fotor.jpg

AF5A2968_Fotor.jpg

AF5A2784_Fotor.jpg

AF5A2788_Fotor.jpg

AF5A2794_Fotor.jpg

AF5A2795_Fotor.jpg

ཁག་ལྔ་པ“ས་མཐོའི་རྩལ་འགྲན།—དམངས་ཁྲོད་རོལ་རྩེད”ཅེས་པ་ལས། གཙོ་བོ་མཚོ་སྔོན་གྱི་གཞིས་སྡོད་མི་རིགས་ཁག་གིས་ལོ་རྒྱུས་འཕེལ་རིམ་ཁྲོད་གསར་དུ་བསྐྲུན་པའི་སྣ་མང་ཕུན་ཚོགས་ཀྱི་སྲོལ་རྒྱུན་རོལ་རྩེད་དེ། དཔེར་ན་རྟ་རྒྱུག་དང་། མདའ་འཕེན། ཐག་འཐེན། བོད་ཀྱི་མིག་མངས། སོག་པོའི་མིག་མངས་སོགས་འགྲེམ་སྟོན་བྱས་ཡོད།

AF5A2903_Fotor.jpg

AF5A2777_Fotor.jpg

AF5A2746_Fotor.jpg

AF5A2778_Fotor.jpg

ཁག་དྲུག་པ“དགེ་ལེགས་མཉམ་གནས། འཆམ་མཐུན་ཁྱིམ་གཞིས”ཞེས་པ་ལས། པར་རིས་ཀྱིས་ངོ་སྤྲོད་པའི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི“དཔེ་སྟོན་ཞིང་ཆེན་ལྔ”ཡིས་མཚོ་སྔོན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ནས། “རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན”དང་། “ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན།” “ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན།” “མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན།” “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན”བཅས་བསྐྲུན་པ་བརྒྱུད། མཚོ་སྔོན་གྱི་ཤེས་དཔལ་གྱི་མཛེས་སྡུག་དང་། འཆམ་མཐུན་གྱི་མཛེས་སྡུག སྐྱེ་ཁམས་ཀྱི་མཛེས་སྡུག མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛེས་སྡུག་བཅས་ལེགས་པར་མཚོན་པར་བྱས་ཡོད།

AF5A2797_Fotor_Fotor.jpg

AF5A2811_Fotor.jpg

AF5A2799_Fotor.jpg

AF5A2798_Fotor.jpg

AF5A2801_Fotor.jpg

AF5A2800_Fotor.jpg

ལྟད་མོ་བ་ཚོས་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་དམངས་སྲོལ་སོགས་ལ་ཤེས་རྟོགས་ཡོང་བདེ་ཆེད། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་འགྲེམ་སྟོན་མཛད་སྒོའི་ཉིན་དེར“མདོ་ལ་ཆུ་བོ་ཙོང་ཁའི་ཕྱོགས་སུ་འཐེན། འཇའ་ཚོན་རི་མོ་བཀྲ་བའི་རྗེས་སུ་འཕྱང་།—ཧོར་རིགས་ཀྱི་ཕྲུ་གུས་རས་སྦྱར་རི་མོ”དང་། “མི་རིགས་ཀྱི་རྒྱན་གོས་གྱོན་ནས་མི་རིགས་ཀྱི་ཞབས་བྲོ་སྦྱོང་བའི”སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་འཇུག་སྒོ་བྱས་ནས། ལྟད་མོ་བ་རྣམས་ཀྱིས་སྲོལ་རྒྱུན་རྒྱན་གོས་ནང་སིམ་ཡོད་པའི་མི་རིགས་ཀྱི་གསང་བ་འཚོལ་ཞིབ་གནང་བར་སྣེ་ཁྲིད་བགྱིས་པས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ངོ་མཚར་བའི་མཛེས་པ་དང་ཕུན་སུམ་ཚོགས་པའི་རིག་གནས་སོགས་མི་ཚང་མའི་མིག་ལམ་དུ་མངོན་པར་བྱས་ཡོད་པ་རེད། །

AF5A2980_Fotor.jpg

AF5A2983_Fotor.jpg

AF5A3001_Fotor.jpg

AF5A3049_Fotor.jpg

AF5A3031_Fotor.jpg

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།