​རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན།    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས།

རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་ཁྲོད་བཤད་རྒྱུར།  སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཡོད་པ་དང་།  ཉིས་སྟོང་བཅུ་དགུ་ལོའི་སྲིད་གཞུང་བྱ་བར་སྤྱི་བསྡོམས་ནན་མོ་བྱས་ཡོད་ལ། ད་ལོའི་སྲིད་གཞུང་བྱ་བར་ཁྱོན་ཡོངས་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད་པར་མ་ཟད།  སྤྱི་ཡོངས་ལ་རྒྱུས་ལོན་བྱེད་པའི་ཆབ་སྲིད་ལངས་གནས་དང་གསར་གཏོད་གསར་སྐྲུན་ཀྱི་བསམ་པའི་འདུ་ཤེས།  དམ་འཛིན་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་བཅས་མཚོན་པར་བྱས་ཡོད་པས།  མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་།  ང་རང་ཡོངས་སུ་འཐད་པ་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོར། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་དང་འགྲན་རྩོད་ཉེན་ཁ་ཇེ་མང་དུ་སོང་བའི་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་དེ།  ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ།  ཞིང་ཆེན་སྲིད་གཞུང་གིས་རང་འགུལ་ངང་བསམ་ཕྱོགས་འཆར་འགོད་དང་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་པ།   ནུས་ཡོད་བྱེད་ཐབས་ལག་བསྟར་བྱེད་པ་བཅས་བྱས་ཏེ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།   གཅིག    དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་ཤུགས་ཚད་ཆེ་རུ་བཏང་བ་དང་།   ཧུར་ཐག་གིས་གསར་དར་ཁེ་ལས་གསོ་སྐྱོང་དང་ནུས་ཡོད་སྒོས་ཉེན་ཁ་གཙོ་བོ་ཐག་གཅོད་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་སྣང་ཚུལ་བཟང་བོ་སྲུང་འཛིན་བྱས།    གཉིས།   མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་།   ལོ་གཅིག་གི་དམིགས་འབེན་ལས་འགན་ཡོངས་གྲུབ་བྱས། ལས་ཞུགས་དང་སློབ་གསོ། འཕྲོད་བསྟེན་སོགས་དམངས་ཚིས་འཛུགས་སྐྲུན་ཐད་གྲུབ་འབྲས་འབུར་ཐོན་བླངས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ལེགས་བཅོས་བྱུང་།   གསུམ།   སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་ས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་།  སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བདེ་བླག་ངང་སྤེལ་ཏེ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་བར་ཞུགས་ཐུབ་པར་བྱས།   བཞི།   མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་དཔེ་སྟོན་ཞིང་ཆེན་ལྔའི་འཛུགས་སྐྲུན་དང་དཔལ་འབྱོར་གནས་བབ་བཞི་ཐུན་མོང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ་དང་།   འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་དངོས་གཉེར་ཅན་དུ་གྱུར་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར།   སྙན་ཞུའི་ནང་བཏོན་ཡོད་པའི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་བཀོད་སྒྲིག་དམིགས་འབེན་དང་ལས་འགན་གསལ་བ་དང་།  གཙོ་གནད་འབུར་ཐོན་ཡིན་ལ།  བྱེད་ཐབས་ནུས་ལྡན་ཡིན་པ་དང་།   ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཡོད་པས།   མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན།  ཞིང་ཆེན་སྲིད་གྲོས་ཀྱིས་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་པ་དང་ཐུན་མོང་གི་འདུ་ཤེས་གཅིག་གྱུར་བྱེད་དགོས་ལ།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་སྔར་ལས་གཅིག་བསྡུས་བྱས་ཏེ་བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།