ལིག་ཉིང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཚན་ཆུང་མཉམ་འབྲེལ་གྲོས་སྡུར་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཚན་ཆུང་མཉམ་འབྲེལ་གྲོས་སྡུར་ལ་ཞུགས་ནས། ཨུ་ཡོན་ཚོའི་བསམ་ཚུལ་དང་གྲོས་གཞི་ལ་ཉན་པ་མ་ཟད། ཚང་མར་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། ཞིང་ཆེན་སྲོད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གཉིས་གྲོས་སྡུར་ལ་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་འགོ་མཛིན་བྱས།

ཀྲང་ཧོང་དང་རྡོ་རྗེ། ཧན་ཞའོ་མེ། ལིས་ཀོང་པེན། ཝང་ཧྥ་ཡོན། ཅང་ཞི། ཧན་དབྱིན་སོགས་ཨུ་ཡོན་གྱིས་ལས་རིགས་སློབ་གསོ་དང་སྨན་བཅོས་སྒྲིག་གཞི་བཅོས་བསྒྱུར། ཤེས་ལྡན་མི་སྣའི་དོ་དམ། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར། སློབ་གསོའི་རྨང་གཞི་སྒྲིག་ཆས། སྨན་བཅོས་ལས་ཁུངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན། སློབ་སྔོན་སློབ་གསོ་སོགས་བརྗོད་གཞི་ལ་དམིགས་ནས་གཏམ་བཤད། ལིག་ཉིང་གིས་ཟིན་བྲིས་བཀོད་པ་མ་ཟད་ཚང་མས་བསམ་ཚུལ་ཐད་ནས་ལན་བཏབ།

ལིག་ཉིང་གིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་དངོས་གཉེར་དང་གསར་གཏོད། སྙིང་སྟོབས་ཀྱི་ཁེངས་པའི་སྙན་ཞུ་བཟང་པོ་ཞིག་ཡིན། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་འདོན་སྤེལ་བྱས་པ་དང་། བཅོས་བསྒྱུར་གྱི་བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས། སྤྱི་ཡོངས་ལ་ཞབས་འདེགས་བཟང་བོ་ཞུས་པ་དང་བློ་འདོན་ཇུས་འབུལ་བྱས་ལ། གཞི་རིམ་ལ་འབྲེལ་འདྲིས་བྱས་པ་ང་རང་སྟེང་འཛུགས་སྐྲུན་ཐད་ཤུགས་བཏོན་པ་དང་། བློ་རིག་དང་སྟོབས་ཤུགས་ཕུལ་བས། གྲུབ་འབྲས་གསར་བ་བླངས་པ་དང་སྣང་བརྙན་གསར་བ་མངོན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཁས་ལེན་ཐོབ་ཟེར།

ལིག་ཉིང་གིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ཐད་ནས་སྔ་མཐུད་ཕྱི་སྤེལ་དང་མཉམ་བསྲེས་བྱེད་པ། རྗེས་འདེད་བྱེད་པ། གནོན་ཤུགས་གདོང་གིས་བསུས་ནས་མདུན་དུ་སྐྱོད་པ། མཆོང་ལྡིང་བྱས་ནས་མཐོ་སར་རེག་པ་བཅས་ཕྱོགས་ལྔའི་བསམ་གཞིགས་འདུ། ན་ནིང་ནི་དཀའ་ངལ་ཁྱད་སེལ་སྒོས་མདུན་དུ་བསྐྱོད་པའི་ལོ་གཅིག་ཡིན་པ་དང་། ད་ལོ་ནི་འགྲན་རྩོད་དང་གོ་སྐབས་མཉམ་གནས་ཀྱི་ལོ་གཅིག་ཡིན་པས། ང་ཚོས་ཉེན་ཁ་གོ་སྐབས་སུ་བརྩི་བ་དང་། འགྲན་རྩོད་གོ་སྐབས་སུ་བསྒྱུར་བ། རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ། མཉམ་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་དགོས། སྟོབས་ཤུགས་ཡོད་རྒུས་དམངས་ཚིས་ཀྱི་ཞན་ས་ཁ་གསབ་བྱེད་པ་དང་སློབ་གསོ་དང་སློབ་སྒྲུབ་སྤུས་ཚད་མཐོར་འདེགས་གཏོང་བ། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། ཧུར་ཐག་སྒོས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་དགོས། ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ཏེ། སྨན་བཅོས་གསུམ་གྱི་མཉམ་འབྲེལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་མིག་སྔར་གནས་པའི་དཀའ་ཁག་གནད་དོན་ཐག་གཅོད་དགོས། སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། གནད་དོན་ལ་དམིགས་པ་དང་ཞན་ཆ་ཁ་གསབ་བྱེད་པ། ཚད་གཞི་ལ་དམིགས་པ། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་སྤེལ་ཤུགས་ཇེ་ཆེར་བཏང་སྟེ། རྒྱུན་མཐུད་ངང་ཚོང་རའི་གཙོ་གཞི་ཐད་གསོན་ཤུགས་སྣོན་པ་དང་མི་དམངས་མང་ཚོགས་ལ་སྟབས་བདེ་བསྐྲུན་དགོས། སྤྱི་ཚོགས་འགན་སྲུང་གི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། གཙོ་གནད་དང་མི་འདང་ས་ཤུགས་བརྒྱག་པ། སྔར་ལས་དྲང་བདེན་དང་རྒྱུན་བསྲིང་ཆོག་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གཞི་རྩའི་དམངས་ཚིས་ཀྱི་ཚད་མཐའ་དམ་སྲུང་བྱེད་དགོས། མི་དམངས་སྲིད་གྲོས་སུ་ཤེས་ལྡན་མི་སྣ་མང་བ་དང་། སྲིད་གྲོས་ཨུ་ཡོན་ཚང་མ་རང་སོ་སོའི་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ཚང་མས་སྔར་བཞིན་དུ་སྲིད་གཞུང་བྱ་བར་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་ཁག་ཐེག་བྱེད་པ་དང་། ཧུར་ཐག་གིས་དེང་རབས་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གསར་བའི་འཐབ་ལམ་གསར་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།