མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་ཚོགས། མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་འཐུས་ཚབ་ཚོགས་པར་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཁྱབ་བསྒྲགས་བྱས། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་རྒན་པ་ཁ་ཤས་དང་ཐིན་རིམ་པ་ཡན་གྱི་ལས་འཁྱེར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ཁ་ཤས། ལས་འཁྱེར་ངལ་གསོ་བྱེད་ལ་ཡོད་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འཐུས་ཚབ་པ་བརྒྱ་དང་དྲུག་བཅུ་ལྷག་གྲོས་ཚོགས་ལ་ཞུགས།

ཝང་ཡུས་ཡན་གྱིས་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་ན་ནིང་ལོའི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བྱ་བའི་གནས་ཚུལ་དང་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་གནས་བབ། ད་ལོའི་བྱ་བའི་གཙོ་གནད། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་ཁག་ཐེག་བྱེད་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་བསྒྲགས་བྱས། ཁོ་མོས་བསྟན་དོན། མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་ང་ཚོའི་མདུན་དུ་ལྷག་པའི་གལ་ཆེ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ལ་དམིགས་ཏེ་མཚོ་སྔོན་གྱི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་ནི་མིག་སྔའི་ཆེས་གལ་ཆེ་བའི་ཆབ་སྲིད་ཀྱི་འོས་འགན་ཡིན། རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་གིས་བྱེད་ཐབས་མང་པོ་སྤྱད་དེ་རྒྱ་ཆེའི་ལས་བྱེད་པ་རྒན་པས་ནན་ཏན་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་བསམ་བློ་དང་ལག་ལེན་གཉིས་ཀ་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། དུས་ཡུན་རིང་པོའི་རིང་ལ་ལས་བྱེད་པ་རྒན་པ་རྣམས་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་ལ་མ་འོངས་པའི་འཕེལ་རྒྱས་ཁྲོད་དུ་ཁྱེད་རྣམ་པའི་རྒྱབ་སྐྱོར་དང་རོགས་འདེགས་དང་ཁ་འབྲལ་ཐབས་མེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།