མཚོ་ནུབ་ཁུལ་གྱི་ངོ་མཚར་བའི་ཚྭ་གདམ་གཤོང་ས།

 1.jpg

2.jpg

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། མཚོ་སྔོན་གྱི་པར་ལེན་པ་ཞིག་གིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཡ་གྲོང་ཁྱེར་གྱི་མངའ་ཁོངས་སུ་མི་མེད་གནམ་གྲུས་ངོ་མཚར་ཆེ་བའི་ས་དབྱིབས་ཤིག་པར་བླངས་ཡོད།

རི་མོའི་ངོས་ནས་བལྟས་ན་ས་དབྱིབས་སྟེང་གི་གདུབ་དབྱིབས་དང་སྐར་མ་སྤེན་པའི་ངོས་ཀྱི་གདུབ་དབྱིབས་ནི་ཧ་ཅང་འདྲ་མཚུངས་ཡིན་པ་མ་ཟད། གདུབ་དབྱིབས་མང་པོ་ཞིག་ཆགས་ཡོད།

 ངོ་སྤྲོད་བྱས་པ་ལྟར་ན་ས་ཁུལ་དེ་ཚྭ་འདམ་གཤོང་སའི་ནུབ་བྱང་རྒྱུད་དུ་ཆགས་ཡོད་པ་དང་། ཡུལ་དེར་སྤྱི་ལེ་གྲུ་བཞི་མ་ཁྲི་3ལྷག་ཙམ་ཡོད་པའི་ས་དམར་དང་། དེའུ་འབུར། ཚྭ་ཐང་། ཚྭ་མཚེའུ། བྱེ་འབུར་སོགས་གཞི་གཅིག་ཏུ་འདུས་པའི་ས་དབྱིབས་སྣ་ཚོགས་ཡོད་པ་རེད།

    ཀྲུང་གོའི“ནོར་གཞོང”ཞེས་གྲགས་པའི་ཚྭ་འདམ་གཤོང་ས་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་ཁུལ་དུ་གནས་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་25.65ཟིན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།