འཐུས་མིའི་སེམས་གཏམ།

res04_attpic_brief.jpg

  ལྗང་མདོག་ནི་ཁེ་ལས་ཀྱི་ཆེས་མངོན་གསལ་དོད་པའི་མདོག་ངོ་མར་འགྱུར་དགོས།

     མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ། མཚོ་སྔོན་གཟན་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་བཟོ་པ་ཀྲང་ཀུའེ་ལིན།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་སྙེག་པའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པ་ཞིག་ཡིན་ཞིང་། ཁེ་ལས་ཀྱི་ངོས་ནས་བཤད་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔོན་དུ་སོང་སྟེ་ལྗང་མདོག་འཕེལ་རྒྱས་སུ་གཏོང་དགོས། གཟན་ཆས་གསོག་བསྡུ་དང་། ཟོག་ཆས་འདྲེས་སྦྱོར། རྩྦ་སྔོ་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཁེ་ལས་ཤིག་ཡིན་པའི་ཆ་ནས། སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཟོག་ཆས་རྒྱུ་ཆ་དང་། ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ་གྲངས་འབོར་རྒྱ་ཆེར་གཏོང་བ་ལས་སྤུས་ཚད་མཐོ་རུ་གཏོང་དགོས་པ་ནི་དེ་ལས་ཀྱང་གལ་ཆེན་པོ་ཡིན་ཟེར།   

res01_attpic_brief.jpg

 སྡོད་དམངས་ཀྱི་འཚོ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།

    ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཁར་དབུས་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཞའེ་ཞའོ་ཅོན།

    ངས་བལྟས་ན་བདེ་སྡོད་ལས་ཀ་ནི་སྤུས་ཚད་མཐོ་བའི་འཚོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་དེ། མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་སྤུས་ཚད་མཐོ་བའི་འཚོ་བ་མཚོན་ཡོད་ལ། ང་ཚོའི་སྡོད་ཁུལ་ནི་པར་འདེབས་བཟོ་གྲྭ་རྙིང་པའི་སྡོད་ཁུལ་རྙིང་པ་ཞིག་ཡིན་པ་དང་། དེ་སྔའི་ལོ་རེའི་དགུན་ཁར་དུད་ཚང་30ལྷག་ཙམ་གྱིས་མེ་ཐབ་ལ་བརྟེན་ནས་འཚོ་བ་སྐྱལ་བས་ན་འཚོ་བ་དེ་འདྲ་སྟབས་བདེ་མིན་པ་མ་ཟད། ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ན་ནིང་སྒྱུར་བཅོས་བྱས་པ་བརྒྱུད་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད་ཅེས་བཤད། 

res07_attpic_brief.jpg

སྡེ་མིའི་འཚོ་བའི་སྤུས་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

    མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། མཚོ་ཤར་གྲོང་ཁྱེར་ལོའུ་ཏུའུ་ཁུལ་ཀའོ་མའོ་གྲོང་རྡལ་མའོ་སའེ་ཏང་ཀྲུ་པུའུ་ཧྲུའ་ཅི་ལིས་ལེན་ཧུ།

   2019ལོར། ང་ཚོར་སྡེ་གསར་ས་ཞིང་ཐུན་མོང་ཅན་དུ་བསྒྱུར་བ་དང་།  ས་མུའུ་རེར་སྒོར་སྟོང་གཅིག་བྱས་ཏེ་ས་མུའུ་སུམ་བརྒྱ་གཞན་ལ་རྒྱུད་སྤྲོད་བྱས་པ་ན། སྡེ་མི་རེར་ལོ་རེར་སྒོར་ལྔ་བརྒྱ་ཡི་ཡོང་འབབ་བྱུང་། འདི་ནི་སྔོན་ཆད་བྱུང་མ་མྱོང་བའི་གནས་ཚུལ་ཞིག་སྟེ། མིག་སྔར། མའོ་སའེ་ལྗོངས་ཁུལ་གྱིས་གནས་སྐོར་བ་སྣེ་ལེན་ལྟེ་གནས་དང་རླངས་འཁོར་འཇོག་ས། ཆུ་རྩེད་ར་བ། ཤེལ་སྒོ་ལས་བཟོས་པའི་ཆུ་ཤུར་ཡུར་བ་སོགས་རྣམ་གྲངས་འཛུགས་སྐྲུན་བྱས་ཡོད་པས། སྡེ་མི་རྣམས་སྒོ་ཕྱིེར་ཞོལ་ལས་སུ་འགྲོ་མི་དགོས་པར་རང་ཁྱིམ་ནས་ཡོང་འབབ་བཙལ་ཐུབ་ཟེར། 

res10_attpic_brief.jpg

གཞི་གྲངས་ཆེན་མོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཡིན། 

    ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཟི་ལིང་བྱང་གྲུ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཅིན་ཡན།

    མིག་སྔར་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་དེ་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་དང་།གཞི་གྲངས་ཆེན་མོའི་ཆེད་ལས་མཁས་པ་ཞིག་ཡིན་པའི་ཆ་ནས། མ་འོངས་བར་གཞི་གྲངས་ཆེན་མོའི་ལག་རྩལ་ནི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་བེད་སྤྱོད་བཏང་སྟེ“རྗེས་ལུས་ཐོན་ནུས་འདོར་བ”དང་། “དགེ་མཚན་ལྡན་པའི་ཐོན་ལས་ལ་རོགས་སྐྱོར”“ལག་རྩལ་རྗེས་ལུས་ཀྱི་ཁེ་ལས་སྒྱུར་བཀོད་བྱེད་པ”སོགས་དམིགས་ཚད་མངོན་འགྱུར་བྱས་ནས་གཞི་གྲངས་ཆེན་པོ་དེ་རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས་ཟེར།

2222.jpg

 སྔ་མོ་ནས་སྐྱེ་ཁམས་སྲུང་སྐྱོང་མཐའ་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས།

      ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་མྰ་ཆིན་ཧྲན།

     སྔ་མོ་ནས་སྐྱེ་ཁམས་སྲུང་སྐྱོང་མཐའ་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་ནི་རང་འཁྲིའི་ལས་དོན་གཙོ་བོ་ཞིག་ཏུ་བརྩིས་ནས་རྨ་ཡུལ་སྐྱེ་ཁམས་བཅོས་སྐྱོང་དང་རྩྭ་ཐང་གི་ཨ་བྲའི་གནོད་འཚེར་འགོག་སྲུང་ཡག་པོ་བྱེད་དགོས། ན་ནིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཨ་བྲའི་གནོད་འཚེ་འགོག་སྲུང་སྤྱི་ཆིང་ཁྲི་32.7བྱས་པ་དང་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་68%ཟིན་ནས་ད་ལོ་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་སྲུང་གི་ལས་གཞི་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

res16_attpic_brief.jpg

བདེ་སྐྱིད་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།

     མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ། མཚོ་སྔོན་ལོས་ཐོན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། ཞའེ་ཅིན།

    ང་ལ་ཚོར་བ་ཞིག་ཡོད་པ་ནི། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཟི་ལིང་གི་གྲོང་མི་ཚང་མའི་འཚོ་བ་དང་ལས་ཀའི་ཁྲོད་རིམ་བཞིན་འདྲེས་བཞིན་ཡོད་པ་དང་། ཁྱོད་ཀྱིས་བལྟས་དང་། ལོ་འདི་དག་རིང་ལ། ཟི་ལིང་གི་རི་བོ་དེ་བས་ཀྱང་སྔོ་ཞིང་ལྗང་ལ། ནམ་མཁའ་སྔོ་ཞིང་བསངས། ཆུ་དེ་བས་ཀྱང་དྭངས་ཤིང་གཙང་ལ། ཁོར་ཡུག་མཛེས་ཤིང་སྡུག་པས་ང་ཚོ་ཚང་མར་ལྗང་མདོག་གི་ཕན་བདེ་སྐྲུན་ཡོད། མ་འོངས་པར་ངས་སྔར་ལས་ལྷག་པའི་སྒོ་ནས་རང་འཁྲིའི་ལས་ཀ་ཡག་པོར་བསྒྲུབ་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།