ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རིན་ཚོགས་འདུ་ཟི་ལིང་དུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན།   ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རིན་ཚོགས་འདུ་ཟི་ལིང་དུ་འཚོགས།      ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རིན་ཝང་ཅན་ཅུན།   ཧྲིན་ཀྲང་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལིའུ་ཉིང་གཉིས་ཀྱིས་བྱ་བའི་རེ་བ་བཏོན།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།   ཞིང་ཆེན་ཏང་ཨུའི་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཀྲང་ཞི་མིན་གྱིས་གཏམ་བཤད་གནང་།

ཝང་ཅན་ཅུན་གྱིས་བཤད་རྒྱུར། དྲ་འཕྲིན་ལས་ཀ་ནི་དུས་རབས་གསར་བའི་ཏང་དང་སྲིད་གཞུང་གི་བྱ་བ་གལ་ཆེན་ཞིག་ཡིན།  མཚོ་སྔོན་ཞིང་ཆེན་གྱི་དྲ་འཕྲིན་བྱ་བས་ཞིང་ཆེན་ཡོངས་ལ་ཞབས་ཞུའི་ནུས་པ་གལ་ཆེན་ཐོན་ཡོད།  ལག་ལེན་དངོས་ལས་དྲ་འཕྲིན་ལ་མཐོང་ཆེན་བྱེད་པ་ནི་རང་འགན་ཡིན་པ་དང་།   དྲ་འཕྲིན་ལ་མཐོང་ཆུང་བྱེད་པ་ནི་འགན་འཛོལ་ཡིན་པ་ར་སྤྲོད་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དྲ་འཕྲིན་བྱ་བ་གཙིགས་ཆེན་དུ་འཛིན་དགོས་ལ།  དྲ་འཕྲིན་གྱི་ལས་གནས་སུ་ཡོད་པའི་བློ་མཐུན་ཡོངས་ཀྱིས་ཏང་གི་དྲ་འཕྲིན་གྱི་བྱ་གཞག་ལ་བློ་སེམས་དཀར་དགོས་པ་དང་།   ནན་ནན་ཏིག་ཏིག་གིས་མང་ཚོགས་ཀྱི་བསམ་འཆར་དང་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁ་གཏོད་པ།   མང་ཚོགས་ཀྱི་གླེང་ཕྱོགས་མེད་པར་བཟོ་བ་བཅས་ལེགས་པར་སྒྲུབ་དགོས།

ལིའུ་ཉིང་གིས་བསྟན་དོན།   2019ལོར་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་འཐབ་ཕྱོགས་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་བཅོས་སྐྱོང་དམ་འཛིན་དང་ཁོངས་གཏོགས་འཛུགས་བསྐྲུན།  བཅོས་སྒྱུར་ལ་སྐུལ་འདེད།  རྨང་གཞི་བརྟན་པོ་འཛུགས་པ།  ཉེན་འགོག་བྱེད་པ།  བདེ་འཇགས་འགན་ལེན་བཅས་གྲུབ་འབྲས་ཆེན་པོ་བླངས་ཡོད་པས་ཁས་ལེན་གང་ལེགས་བྱ་འོས་པ་ཡིན།  ལོ་གསར་བའི་ནང་དུ་དྲ་འཕྲིན་བྱ་བར་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ་ཞི་ཅིན་ཕིན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱིས་མཛུབ་ཁྲིད་མཐའ་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།   ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་རེ་བ་དོན་འཁྱོལ་དང་དག་སྲུང་གསར་གཏོད།  ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ཏེ་མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་གྱི་དྲ་འཕྲིན་བྱ་གཞག་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་རེ་བ་ནི་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་།  དྲིལ་སྒྲོག  ལག་བསྟར་བཅས་བྱ་རྒྱུ་ནི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་བ་དང་།   དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་པ།  གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་།    ཁྲིད་སྟོན་ནུས་པ།  ཤུགས་རྐྱེན་ཐེབས་པ།  ཀུན་གྱིས་ཡིད་ཆེས་བྱེད་པ་མུ་མཐུད་དུ་ཤུགས་ཆེར་གཏོང་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།