མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་གྱིས་སྔ་གཞུག་ཏུ་འབྱོར་ཐོ་བཀོད་པ།

1125459132_15789654072341n.jpg

 ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་འབྱོར་ཐོ་འགོད་བཞིན་པ། 

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞག་སྡོད་བྱ་ཡུལ་དུ་དམངས་གཙོ་དང་ཞི་མཐུན་གྱི་རྣམ་པས་ཁེངས་ཤིང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་གྱི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ལོ་ངོ་གཅིག་གི་རིང་གཞི་རིམ་གྱི་ལས་གནས་དང་པོར་བརྟག་ཞིབ་བྱས་པའི་བསམ་གཞིག་སྣ་ཚོགས་དང་དེའི་ཐད་ཞིབ་ཚགས་ཀྱིས་གྲ་སྒྲིག་བྱས་པའི་གྲོས་གཞི་དག་འཁྱེར་ནས་སྔ་རྗེས་སུ་འབྱོར་ཐོ་འགོད་པར་ཐོན་ཡོད།    ཞག་སྡོད་བྱ་ཡུལ་གྱི་ཨུ་ཡོན་འབྱོར་ཐོ་འགོད་ཡུལ་དུ་སྣེ་ལེན་མི་སྣས་སྤྲོ་སེམས་འཁོལ་བའི་ངང་འབྱོར་ཐོ་འགོད་པར་ཡོང་མཁན་གྱི་ཨུ་ཡོན་ལ་སྣེ་ལེན་ཞུས་པ་དང་། ཡུལ་དངོས་ཀྱི་ཁོར་ཡུག་སྒྲིག་བཀོད་ཀྱི་རྣམ་པ་སྟབས་བདེ་བབ་ཆགས་ཡིན་པས་གྲོན་ཆུང་བསྲི་ཚགས་ཀྱི་ཚོགས་སྲོལ་མངོན་པར་བྱས་ཡོད། ཚོགས་འདུའི་ལས་དོན་ཚོགས་ཆུང་གི་ལས་དོན་མི་སྣ་ཁུང་ལིན་མའེ་ཡིས“ཚོགས་འདུ་མ་འཚོག་སྔོན་ང་ཚོས་གྲ་སྒྲིག་ལས་དོན་ཚོགས་འདུ་ཐེངས་ལྔར་འཚོགས་ཟིན་པ་དང་། ཞིབ་ཕྲ་དང་གནད་ཆུང་ས་ནས་འགོ་བཙུགས་ཏེ་ཞིབ་ཚགས་དང་ཕྱོགས་ཡོངས་ཀྱི་གྲ་སྒྲིག་ལས་དོན་ཚགས་སུ་ཆུད་པ་བྱས་ཡོད་པས། མ་འོངས་པའི་ཉིན་ཤས་རིང་ང་ཚོས་སེམས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ཁག་ལ་ཞབས་ཞུའི་འགན་ལེན་བཟང་པོ་བྱ་རྒྱུ་ཡིན་ཞེས་བཤད། 

ཨུ་ཡོན་ཚོས་ཚོགས་འདུ་འཚོགས་སྐབས་སུ་སེམས་ནུས་གཅིག་སྒྲིལ་གྱིས་ཚོགས་ཆེན་དང་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་ཏེ་ལས་འགན་སྒྲུབ་སེམས་ཆེན་པོ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ། བསམ་པའི་ཉམས་འགྱུར་བཟང་པོ་བཅས་ཀྱི་ཐོག་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཐབས་འདོན་ཇུས་འབུལ་ལ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།