​ཝང་ཀྲེང་ཧྲེང་གིས“ལོ་སར་སྐྱེལ་འདྲེན”དང“ཚོགས་འདུ་གཉིས”ཀྱི་བདེ་སྲུང་ལས་དོན་ལ་བརྟག་ཞིབ་ལྟ་སྐུལ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲེང་ཧྲེང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་དང་། ཞིང་ཆེན་ཚོགས་འདུའི་ལྟེ་གནས། ཧའེ་ཧུའུ་ཁུལ་གསར་བཅས་སུ་བསྐྱོད་ནས“ལོ་སར་སྐྱེལ་འདྲེན”དང“ཚོགས་འདུ་གཉིས”ཀྱི་བདེ་སྲུང་ལས་དོན་ལ་བརྟག་ཞིབ་ལྟ་སྐུལ་གནང་།  

ཝང་ཀྲེང་ཧྲེང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་སུ་བསྐྱོད་ནས་འགྲུལ་པ་དང་སྐྱེལ་འདྲེན་གྱི་མང་ཉུང་དང་། བདེ་འཇགས་ཞིབ་བཤེར་སྒྲིག་ཆས་ཀྱི་བེད་སྤྱོད། འགྲུལ་སྐྱེལ་རླངས་འཁོར་གྱི་བདེ་འཇགས་བྱ་ཐབས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཁོང་གིས་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱིས“ལོ་སར་སྐྱེལ་འདྲེན”གྱི་བདེ་སྲུང་ལས་དོན་ཁག་ལ་དམ་འཛིན་ནན་ཏན་བྱས་ནས། ལོ་སར་སྐྱེལ་འདྲེན་བདེ་འཇགས་ལྡན་པ་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིང་ཆེན་ཚོགས་འདུ་ལྟེ་གནས་སུ“ཚོགས་ཆེན་གཉིས”རིང་གི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རང་འགན་གཙང་སྒྲུབ་དང་མཉམ་ལས་མཉམ་འགུལ་གྱིས་ཞིབ་ཚགས་དང་། སྤུས་དག་པ། མཐར་སོན་པའི་བདེ་སྲུང་ལས་དོན་གྱི་ཚད་གཞི་ལྟར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་། མ་མཐའི་ཚད་གཞི་ལྟར་ཁ་གཏད་གཅོག་ནུས་པའི་སྒོ་ནས་ཞིང་ཆེན་གྱི“ཚོགས་ཆེན་གཉིས”བདེ་བླག་ངང་སྤེལ་རྒྱུར་ཁག་ཐེག་བྱ་དགོས་ཞེས་ནན་བཤད་བྱས། 

ཧའེ་ཧུའུ་ཁུལ་གསར་དུ་རིག་ལྡན་ཉེན་རྟོག་ཁང་འཁོར་སྐྱོད་དོ་དམ་དང་། མང་ཚོགས་ཀྱི་རྣམ་རྒྱུན་བཀོལ་སྤྱོད་དང་ཕྱིར་སློག་གནས་ཚུལ་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་རིག་ལྡན་ཉེན་རྟོག་ཁང་བཀོལ་སྤྱོད་དང་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཉེན་རྟོག་ཞབས་ཞུ་དེ་མང་ཚོགས་ཀྱི་དགོས་མཁོའི་མདུན་གྲས་སུ་བཞག་ནས་ཉེན་དོན་གྱི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བཤད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།