མཚོ་སྔོན་གྱིས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་བརྡ་ཁྱབ་ཚོགས་འདུ་བསྡུས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས13ཉིན་གྱི་སྔ་དྲོར། 2020ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་བརྡ་ཁྱབ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིན་དང་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིན་གྱི་འགན་འཁུར་བློ་མཐུན་གྱིས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་བརྡ་ཁྱབ་བཏང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའི་འགན་འཁུར་བས་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དྲིལ་བསྒྲགས་བྱ་བ་ལེགས་པོ་སྒྲུབ་པར་སྐུལ་འདེད་དང་བཀོད་སྒྲིག་ལེགས་པོ་བྱེད་པ་སོགས་ཀྱི་ཐད་ནས་འབྲེལ་ཡོད་བླང་བྱ་བཏོན། 

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཚོགས་འདུའི་སྟེང2019ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་བསྡོམས་བྱེད་པ་དང་2020ལོའི་ལས་དོན་ལ་བཀོད་སྒྲིག་བྱ་རྒྱུ་རེད། སྨྱན་སྦྱོར་སྡེ་ཁག་སོ་སོས་བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་དགོས་པ་དང་། ཡང་དག་པའི་གླེང་ཕྱོགས་མཐའ་འཁྱོངས་བྱས་ནས་ཇུས་འགོད་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་དྲིལ་བསྒྲགས་ལེགས་པོ་བྱེད་པ་དང་། དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱེད་དགོས།

ཚོགས་འདུ་གཉིས་ཀྱི་དྲིལ་བསྒྲགས་ཚན་ཁག་དང་། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་གསར་འགྱུར་སྡེ་ཁག  ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར་དང་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པ་དང་དྲ་རྒྱའི་སྨྱན་སྦྱོར་གྱི་འགན་འཁུར་བ་དང་གྲོས་ཚོགས་གཉིས་ལ་ཞུགས་པའི་གསར་འགོད་པ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།