མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཟླ་དང་པོའི་ཚེས་དགུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་སོ་སོར་བྱ་བའི་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་བཤད་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། 2019ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་གནད་འགག་གི་ལོ་ཡིན་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་དུ་མཁྲེགས་གཏོར་བྱེད་པ་དང་ལྷག་པར་དུ་དབུལ་སྐྱོར་གསར་སྤེལ་སྡེ་ཁག་གིས་བྱ་བ་བརྟན་བརླིང་ངང་སྤེལ་བ་བརྒྱུད་དེ། དབུལ་བོ་དབུལ་ནག་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས། ད་ལོར་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། དབུལ་ཐར་བྱེད་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པ། དབུགས་ཐང་གཅིག་དང་བབ་བསྟུན་མདུན་སྐྱོད་བྱེད་པ། བརྟན་བརླིང་ངང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། དུས་ལྟར་སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཆེས་མཐའ་མཇུག་གི་གྲུབ་འབྲས་ལ་རིགས་སོ་སོའི་མི་དམངས་ཀྱིས་ཁེ་ལེན་པ་དང་། ལོ་རྒྱུས་ཀྱིས་ཉམས་སད་ཐེག་པར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཁག་གཅོད་པའི་ལོ་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། མི་ཕུད་པ་བཞིའི་རེ་བ་ལྟར། དམིགས་འབེན་མི་འགྱུར་བ་དང་ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཆེད་དོན་འགུལ་སྐྱོད་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ། དབུལ་ཐར་རྗེས་ཀྱི་རྗེས་མཐུད་སྲ་བརྟན་འགུལ་སྐྱོད་ཆེན་པོ་ལག་བསྟར་བྱེད་པ། བསམ་བློའི་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཡིན་པ་དང་། ང་ཚོ་ཏང་གིས་བཞག་པའི་དམ་བཅའ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་མཚོན་བྱེད་ཀྱང་ཡིན། 2020ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྩིས་སྤྲོད་པ་དང་འགན་འཁྲི་མངོན་འགྱུར་བྱེད་པའི་ལོ་གཅིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལོ་ཡིན་པས། ཕྱིར་ཤིག་རྒྱག་སའི་ལམ་ཀ་མེད། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་ཐུབ་མིན་དེ། འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པའི་སྤུས་ཚད་དང་གྲུབ་འབྲས་ལ་ཐད་ཀར་འབྲེལ་བ་ཡོད་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་བསལ་རང་བཞིན་དང་ཚོར་བ་རྣོན་པོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་དྲག་པོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཕྱིར་དབུལ་བར་འགྱུར་བར་བཀག་འགོག་བྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་བ། གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། བྱེད་ཐབས་བཟང་བོ་སྤྱད་དེ་ཞན་ཆ་ཁ་གསབ་བྱེད་པ་དང་སྲ་བརྟན་དུ་གཏོང་བར་དམ་འཛིན་བྱེད་པ། ཡུན་རིང་འཆར་འགོད་བྱེད་པ། མཁྲེགས་གཏོར་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་མཁྲེགས་གཏོར་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དབུགས་ཐང་གཅིག་དང་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བཟང་བོ་བསྡུ་བ་དང་རྩིས་བཟང་བོ་སྤྲོད་པར་ཁག་ཐེག་བྱེད་པ་དང་། ཚད་གཞི་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་མཚོ་སྔོན་གྱི་ལེའུ་འབྲི་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས་ཟེར།

ཚོགས་ཐོག་ནས། མགོ་ལོག་ཁུལ་དང་རྨ་ལྷོ་ཁུལ། ཏ་ཐུང་རྫོང་། ལི་ཏུའུ་ཆུའུ། གུང་ཧོ་རྫོང་བཅས་ཀྱི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།