མཚོ་སྔོན་གཞི་རིམ་གྱི་ཀྲུང་བོད་ལུགས་འཕྲོད་བསྟེན་ཁང424ཡིས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ལུས་ཟུངས་གསོ་ཐབས་ནི་ལུས་ཟུངས་གསོ་ཐབས་གསར་བ་ཞིག་ཏུ་གྱུར་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དར་སྤེལ་དང་འཕེལ་རྒྱས་ཐད་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ།  གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་424འཛུགས་སྐྲུན་དང་བེད་སྤྱོད་བྱས་ཏེ་མང་ཚོགས་ལ་སྟབས་བདེ་དང་རིན་དམའ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། 

2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་གསོ་རིག་དར་རྒྱས་གོང་སྤེལ་གྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་དང་རོགས་སྐྱོར་བྱེད་ཐབས་འགའ》བཏོན་ནས་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་གཞི་རྒྱ་ཆེ་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་འཕེལ་རྒྱས་གྱི་ཚོགས་འདུ་འཚོགས་ཏེ་ཀྲུང་བོད་ལུགས་གསོ་རིག་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྟེང་གི་ཇུས་འགོད་ལ་ཤུགས་བསྣན་སྟེ《ཀྲུང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན།  ཀྲུང་བོད་ལུགས་གསོ་རིག་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་གྲངས་མ་དངུལ་སྒོར་ཁྲི་5591དོན་འཁྱོལ་བྱས་ནས་ཕྱོགས་ཡོངས་ནས་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་དང་ནང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་རེད། 

ན་ནིང་རིམ་རྩིས་ལྟར་ན་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་བོད་ལུགས་གསོ་རིག་ཁང་437བསྐྲུན་པ་དང་དེའི་ཁྲོད་424བེད་སྤྱོད་གཏོང་འགོ་ཚུགས།  ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གཙོ་གནད་ཆེད་ལས་ཚན་ཁག་15བསྐྲུན་པ་དང་གཙོ་གནད་རིག་ཚན་5ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས།  རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གི་ཕུལ་བྱུང་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་གི་རྣམ་གྲངས་ལག་བསྟར་ལ་ཤུགས་བསྣན་ནས་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་ལས་དོན་ཁང་གཉིས་དང་།   ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གི་ལས་དོན་ཁང་ལྔ་བསྐྲུན། ཀྲུང་བོད་ལུགས་གསོ་རིག་གི་བདེ་ཐང་ལུས་གསོའི་ཞབས་ཞུར་སྐུལ་འདེད་ཧུར་ཐག་བཏང་ནས།  ཀྲུང་བོད་ལུགས་གསོ་རིག་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ནས“བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི”རྣམ་གྲངས་ལ་ཆོག་མཆན་ཐོབ།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།