ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་གི“ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི”བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ིཚེས9ཉིན་ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་དང་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་གཉིས་ཀྱིས་བཙུགས་པའི་“ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིའི”སྒོ་བྱང་དངོས་སུ་ཕྱེས་པ་རེད། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་ནི་ཆེད་མངགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཤིག་ཡིན་པའི་ཆ་ནས། བདེ་འཇགས་ལྕགས་ལམ་འཛུགས་སྐྲུན་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། དེ་དང་ཆབས་ཅིག་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད། “ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི”བཙུགས་པ་ནི་རང་རེའི་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་ཕན་འབྲས་ལྡན་པའི་འཚོལ་ཞིབ་ཐེངས་ཤིག་རེད། རྟེན་གཞི་བཙུགས་རྗེས་དམིགས་ཡུལ་ཡོད་པའི་སྒོ་ནས་སྤྱི་ཚོགས་ཀྱི་ལས་ཁུངས་ཚོགས་པ་དང་། ཁེ་ལས་ལས་ཁུངས། གསར་འགྱུར་སྨྱན་སྦྱོར། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སློབ་གྲྭར་ཡོད་པའི་དགེ་སློབ་སོགས་ལ་སྒོ་འབྱེད་རྒྱུ་ཡིན་པ་དང་། ལྕགས་ལམ་ཞིབ་དཔྱོད་ལས་ཁུངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་སྐྱོང་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་རེད།

 རྟེན་གཞིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1390ཡོད་པ་དང་། བཀྲམ་ཁང8དང་ནུས་མང་སྙན་ཞུ་ཁང1བཅས་ཡོད།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།