མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི2019ལོའི་ལོ་འཁོར་གྱི་གྲོས་གཞི་ཚང་མ་བསྒྲུབས་ཚར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཚང་མ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས། སྒྲུབ་འགན་འཁུར་མཁན་ལས་ཁུངས་ཁག་གི་ཐུན་མོང་འབད་བརྩོན་འོག མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་ཁྲོད་ཀྱི་གྲོས་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད། 2019ལོའི་ལོ་མཇུག་བར་ཞིབ་བཤེར་བྱས་པ་བརྒྱུད་ཐོ་འགོད་བྱས་པའི་གྲོས་གཞི་337ཚང་མ་བསྒྲུབས་ཚར་བ་དང་། དེའི་ནང་བཏོན་པའི་གྲོས་གཞི་ཐག་གཅོད་བྱས་ཟིན་པའམ་ཡང་ན་དང་ལེན་བྱས་པ་བརྒྱ་ཆའི་31.8ཟིན་པ་དང་། འཆར་གཞིའི་ནང་བཀོད་ནས་ཐག་གཅོད་བྱས་པའམ་ཡང་ན་དང་ལེན་བྱེད་རྩིས་ཡོད་པ་བརྒྱ་ཆའི་60.8ཟིན། དཔྱད་གཞིར་བཞག་ཡོད་པ་བརྒྱ་ཆའི་7.4ཟིན་པས། གྲོས་གཞི་སྒྲུབ་པའི་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞིའི་སྤུས་ཚད་དང་། སྒྲུབ་གཉེར་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་དུས་མཉམ་དུ་ནུས་པ་འདོན་པ་རྒྱུན་འཁྱོངས་བྱས་ཏེ། གྲོས་གཞིའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ། སྤུས་ཚད་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོས་བཙུགས་ཡོད། གྲོས་གཞིའི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་དང་། གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་གསལ་ཀྱི་ཞབས་ཞུ་འབུར་ཐོན། བརྗོད་བྱ་བདམས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་རྨང་གཞིའི་སྟེང་། གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ནན་པོ། “ཕྱིར་འཐེན་དང་། ཟླ་སྒྲིལ། འཕོ་འགྱུར་”བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞི་གྲངས་འབོར་ཅན་ནས་སྤུས་ཚད་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། གྲོས་གཞི་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བར་འབད་བརྩོན་བྱེད་པར་དོ་སྣང་བྱས་ཏེ། གྲོས་གཞི་སྒྲུབ་པའི་གྲོས་མོལ་དང་གྲོས་གཞིར་ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱས་ཡོད། གཙོ་གནད་གྲོས་གཞི་དམ་འཛིན་བྱས་ཏེ། གྲོས་གཞི་སྒྲུབ་གཉེར་བྱེད་པ་དེ“ལན་འདེབས་པ”ནས“དོན་འཁྱོལ་རྣམ་པའི”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། “སྲིད་གྲོས་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་གཞི་སྒྲུབ་སྐུལ་གྲོས་མོལ་དང་ཕྱོགས་གཉིས་དཔྱད་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས། ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

གྲོས་གཞི་སྒྲུབ་གཉེར་བྱེད་རིང་། ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཨུ་ཡོན་གྱི་བློ་ལ་འབབ་མིན་དེ་ལས་དོན་སྒྲུབ་གཉེར་གྱི་བསྡུར་ཞིབ་དང་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོས་གཞི་སྒྲུབ་གཉེར་བྱ་རྒྱུ་དེ་སྲིད་གཞུང་གི“710”ལས་དོན་ལམ་ལུགས་ལ་ལྟ་སྐུལ་ཞིབ་བཤེར་དང་སྐུལ་སྒྲུབ་ཀྱི་ཁྱབ་ཁོངས་སུ་བཅུག་ནས། སྒྲུབ་གཉེར་ལམ་སྲོལ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ། སྒྲུབ་གཉེར་གྱི་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།