མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཟླ་དང་པོའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཚོགས་ཆེན་སྟེང་གནང་བའི་གསུམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་རྒྱུ་དེ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཡུན་རིང་གི་དཔྱད་གཞི་དང་ཏང་ཡོན་ཡོངས། ལས་བྱེད་པའི་མི་ཚེ་གང་བོའི་བསླབ་གཞི་རུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོ་ཁྲོད་གྲུབ་པའི་གཞུང་ལུགས་དང་ལག་ལེན། ལམ་ལུགས་ཀྱི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ཧྥུན་ཅན་ཧྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་དང་པོའི་ཚན་གཙོ་གཞོན་པ་ཧྥན་ཞའོ་ཅན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་དུས་རབས་གསར་བར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་ཚན་རིག་གི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་གཞུང་ལུགས་ཀྱི་འགོ་ཁུངས་དང་ལག་ལེན་གྱི་རྨང་གཞི། དུས་རབས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། སློབ་སྦྱོང་དང་རྒྱུས་ལོན། བཀོལ་སྤྱོད་བཅས་སྦྲེལ་མཐུད་བྱེད་པ་དང་ལག་ལེན་དང་འགུལ་སྐྱོད་གཉིས་གཅིག་གྱུར་བྱེད་དགོས། ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པའི་ངོ་བོ་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། སྣེ་ཁྲིད་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་ཆེས་གསར་བ་སྤྱད་དེ་བསམ་བློར་གཅིག་གྱུར་བྱེད་པ། གོ་དོན་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ལངས་ཕྱོགས་ནི་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཡིན་པ་དང་། ལམ་བུ་ནི་དུས་རབས་གསར་བའི་ཁུག་ཁུར་གསར་བ་དང་གྲུབ་འབྲས་གསར་བ་ཡིན་ལ། མཚོན་རྟགས་ནི་རང་ཉིད་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་དང་། གནད་འགག་ནི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། འགན་སྲུང་ནི་བབ་བསྟུན་མདུན་བསྐྱོད་ཀྱིས་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་པར་རྒྱུས་ལོན་གཏིང་ཟབ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དེ་གཙོ་ཐིག་དང་རྩ་བའི་ལས་འགན་དུ་བརྩི་བ་དང་། སློབ་སྦྱོང་བཞི་དང་དམིགས་འབེན་བཞི། གཤིབ་སྡུར་བཞི། དམིགས་པ་བཞི་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ལྟ་ཞིབ། དག་ཐེར་ལེགས་བཅོས་ལ་སྣེ་ཁྲིད་བྱས་པས། གཞུང་ལུགས་སློབ་སྦྱོང་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་བསྣན་ལ། ལས་གཉེར་ལས་སྐྲུན་དང་ཁག་ཁུར་ཡོད་པར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་ཁག་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ལ། སྤྱོད་གཙང་སྲོལ་བཟང་ཐད་ནས་མིག་དཔེ་བྱེད་པ་དང་སྣང་བརྙན་གསར་བ་བསྐྲུན་ལ། སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། གྲུབ་འབྲས་གལ་ཆེན་བླངས། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོ་དང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་སེམས་ཞིབ་མོས་མཛུབ་སྟོན་བྱས་པ་དང་ལྟ་སྐུལ་ནན་མོ་བྱས་ནས། བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་བའི་ཐད་ཤུགས་ཡོད་རྒྱབ་སྐྱོར་དང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་སློབ་སྦྱོང་ནན་མོ་བྱེད་པ་དང་། ཡུན་རིང་གི་བསླབ་གཞི་དང་མི་ཚེའི་གང་བོའི་བསླབ་གཞིའི་ལམ་ལུགས་འཛུགས་སྐྲུན་གྱི་རྒྱུགས་གཞི་གསར་བར་ལན་གསལ་བོ་འདེབས་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་དགོས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་རྒྱུ་དེ་རྩ་བའི་གཞི་འཛིན་ས་རུ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཡོན་ལས་བྱེད་པའི་བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་ཆབ་སྲིད་རང་གཤིས་གྲུབ་པར་བྱེད་རྒྱུ་དེ་རྩ་བའི་རེ་བར་བརྩི་དགོས། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་འཕེལ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པར་བྱེད་པ། མི་དམངས་ཀྱི་བརྩི་བཀུར་བརྩོན་ལེན་བྱེད་རྒྱུ་དེ་རྩ་བའི་ཚད་གཞི་རུ་བྱེད་དགོས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་དང་དོ་དམ་བྱེད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བརྩི་དགོས་ཟེར།

ཧྥུན་ཅན་ཧྲིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། བསམ་བློ་ངོས་འཛིན་མཐོ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། གནད་ལ་འཁེལ་བ་བཞི་ཚད་གཞི་རུ་བྱེད་པ། སློབ་སྦྱོང་བཞི་དང་དམིགས་འབེན་བཞི། གཤིབ་བསྡུར་བཞི། དམིགས་ས་བཞི་ཡིས་སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ལྟ་ཞིབ། དག་ཐེར་ལེགས་བཅོས་བཅས་བྱེད་ཐབས་གལ་ཆེན་བཞི་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། བརྟན་བརླིང་ངང་སྤེལ་བ། བརྗོད་དོན་སློབ་གསོ་ཐད་ནས་བརྗོད་དོན་གཙོ་ཐིག་ལ་དམིགས་པ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་ལྡན་པ། དོ་སྣང་བཞི་རྒྱུན་འཁྱོངས་བྱེད་པ། དག་ཐེར་ལེགས་བཅོས་ལད་དམ་འཛིན་བྱེད་པའི་ཁྱད་ཆོས་མངོན་པར་བྱས་ཡོད་པ་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར། ཁོས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲུ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལམ་ལུགས་བཙུགས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསླབ་གཞི་དང་ཏང་ཡོན་ལས་བྱེད་པའི་མི་ཚེ་གང་བོའི་བསླབ་གཞི་ལ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། རང་རྟོགས་སྒོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱེད་སྐབས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་དགོས། ཐེངས་འདིའི་གྲོས་ཚོགས་ནི་གསོན་ཉམས་ལྡན་པའི་ཏང་གཤིས་ཟུར་ཁྲིད་སློབ་ཁྲིད་ཐེངས་གཅིག་ཡིན་ལ། བྱ་བའི་སྐུལ་སྤེལ་གྲོས་ཚོགས་གལ་ཆེན་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་མཐོན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

གྲོས་ཚོགས་བརྙན་འཕྲིན་ཁ་པར་གྱི་རྣམ་པ་སྤྱད་དེ་བསྡུས་པ་དང་། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཁོངས་མི་ཡོངས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཡོན་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་ཞིབ་དཔྱོད་དཔོན་པོ་སོགས་ཞིང་ཆེན་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།