མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གཉིས་པ་ཟླ་དང་པོའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་ཁུངས་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་གླེང་བ་དེ་ནམ་ཡང་གོ་གནས་དང་པོར་འཇོག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་རྒྱ་གཞིར་འཛིན་པ། ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱེད་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་རེ་བ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་དམག་ཁུལ་བྱ་བའི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་དམག་ཁུལ་གྱིས་འདས་པའི་ལོ་གཅིག་ནང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དཔོན་དམག་དང་དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣར་ལོ་སར་གྱི་འཚམས་འདྲི་བྱས། ཁོས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་དམག་ཁུལ་གྱིས་ཞི་ཅིན་ཕིང་གི་དམག་ཁུངས་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། སྒྲིག་གཞི་གསར་བའི་འོག་གི་རྒྱལ་སྲུང་སྐུལ་སློང་འགན་ནུས་དང་འགན་འཁྲི་ལ་དམིགས་ནས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། གཡུལ་འཐབ་ནུས་པ་མཐོར་འདེགས་བཏང་ལ། གསར་གཏོད་འཕེལ་རྒྱས་དང་མཉམ་བསྲེས་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་སྟེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ནས་བྱས་རྗེས་གསར་བ་བཞག་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི2020ལོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་ལོ་ཡང་ཡིན་པས། ཞིང་ཆེན་དམག་ཁུལ་གྱི་རིམ་པ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་བསམ་བློས་ཀླད་པར་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ནས། ཏང་དང་མི་དམངས་ཀྱི་བསྩལ་བའི་དུས་རབས་གསར་བའི་འགན་འཁྲི་ལས་འགན་ཕྲག་ཏུ་ལེན་དགོས། ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་སྣེ་ཁྲིད་བྱེད་པའི་རྩ་དོན་དང་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་དར་ཆ་དང་དར་ཆ་རུ་བྱེད་པ་དང་ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདོད་བློ་དེ་འདོད་བློ་རུ་བྱས་ཏེ། བྱ་བ་སྣ་ཚོགས་ནམ་ཡང་ཡང་དག་པའི་ཁ་ཕྱོགས་སུ་མདུན་བསྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། བཅོས་བསྒྱུར་གྱི་ལས་འགན་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་སྐུལ་སློང་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་སྣ་ཚོགས་ལ་དམིགས་ནས། ཏང་ཨུའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་འགག་སྒོ་དང་ཁེ་ཕན་གྱི་འགག་སྒོ སྒྲིག་ལམ་གྱི་འགག་སྒོ་བརྟོལ་ནས། བཅོས་བསྒྱུར་ཤུགས་ཡོད་པ་དང་གོ་རིམ་ལྡན་པ། ཕན་པ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། གཞི་རིམ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཞི་རིམ་འཛུགས་སྐྲུན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ། གཞི་རིམ་འཕེལ་རྒྱས་སུ་གཏོང་བའི་བསམ་བློ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་གྱི་ཁྲིད་ཕྱོགས་དམ་འཛིན་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ལས་དོན་སྤེལ་བར་རྨང་གཞི་དང་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྲུང་སློབ་གསོའི་ནང་དོན་དང་བྱེད་ཐབས། རྣམ་པ་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱལ་སྲུང་སྐུལ་སློང་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དམག་དཔུང་དང་སྲིད་གཞུང་། དམག་དཔུང་དང་མི་དམངས་བར་གྱི་མཐུན་སྒྲིལ་ལ་ཤུགས་བསྣན་ནས། ཏན་ཏན་ཏིག་ཏིག་གིས་རྒྱལ་སྲུང་སྐུལ་སློང་གི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

གྲོས་ཚོགས་སྐབས་སུ། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་ཝང་ཞིག་ཧྥུན་གྱིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཆུའུ་ཞིན་ཡུང་གིས་གཏམ་བཤད། ཚོགས་ཐོག་ཏུ་ཞིང་ཆེན་དམག་ཁུལ་གྱི2019ལོའི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།