གཟིགས་འབུལ་མཛད་སྒོའི་སྟེང་གི་ཕབ་སྐྲུན་ཚན་ཆུང་།
འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཆུང་།
གཙོ་འཁྲབ་པ་བཀྲ་བདེ།
གློག་བརྙན《གེ་སར་འཆམ》ནང་གི་འཁྲབ་སྟོན་པ་བཞིའི་མཉམ་པར།
ལྟད་མོ་པའི་མཉམ་པར།
ཐེངས་འདིའི་གདན་ཞུས་སྐུ་མགྲོན་བོད་རིག་པའི་ཆེད་མཁས་པ་འཇུ་སྐལ་བཟང་།
གདན་ཞུས་སྐུ་མགྲོན་དངོས་ཟིན་གློག་བརྙན་འཁྲབ་ཁྲིད་པ་སྟག་ལྷ་རྒྱལ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་གསུམ་ཉིན། མགོ་ལོག་ལྷ་སྲས་ཇོ་རུ་དམངས་སྲོལ་རིག་གནས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཧྲེང་ཡིང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་ཕབ་སྐྲུན་བྱས་པ་དང་།ན་གཞོན་འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཆུང་ལགས་ཀྱིས་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན《གེ་སར་འཆམ》ཞེས་པ་ཟི་ལིང་བན་ཏ་གློག་བརྙན་ཁང་ནས་ཐོག་མའི་གཟིགས་འབུལ་མཛད་སྒོ་བསྡུས།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
གློག་བརྙན《གེ་སར་འཆམ》ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟི་ལིང་དུ་བསྡུས་པ།