2020ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་མཚོ་སྔོན་གྱི་ཡུལ་སྐོར་ལྗོངས་ཁུལ་དག་གིས་རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་རྣམས་ལ་སྒོ་གླ་བསྡུ་རྒྱུ་མ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2010ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་ལྟད་མོ་ཁུལ་ཚང་མས་རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་རྣམས་ལ་སྒོ་གླ་བསྡུ་རྒྱུ་མ་རེད།

ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཚོང་ཁྲོམ་ལྟ་སྐུལ་དོ་དམ་ཅུས་སོགས་ཀྱིས་མཉམ་དུ་བརྡ་སྦྱོར་བཏང་ནས་བསྟན་དོན། རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་རྣམས་ལ་ཕན་ཐོགས་པའི་སྲིད་ཇུས་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྤྱི་བདེའི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་རབས་དང་རིམ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་ཚོགས་འདུའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་པའི་སྤྱི་བདེའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་ནན་ཏན་གྱིས་མཐའ་འཁྱོལ་བྱེད་ཆེད་བཏོན་པ་རེད། བརྡ་སྦྱོར་ནང་གསལ་པོར་བསྟན་དོན། མི་དམངས་ཉེན་རྟོག་པས《མི་དམངས་ཉེན་རྟོག་པའི་དཔང་ཡིག》དང་ཐོབ་ཐང་ལག་འཁྱེར་གཉིས་བཟུང་སྟེ་ལྗོངས་ཁུལ་དང་ཡུལ་སྐོར་ལྟད་མོ་ཁུལ་གྱི་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས་དང་སྒོ་གླ་བཙོང་ཡུལ་ནས་སྒོ་གླ་མི་བསྡུ་བའི་འགྲོ་ལུགས་བསྒྲུབ་ཆོག

སྡེ་ཁག་ལྔ་པོས་མཉམ་དུ་བཏང་བའི་བརྡ་སྦྱོར་ནང་བླང་བྱ་བཏོན་དོན། སྡེ་ཁག་སོ་སོས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ།སྒོ་གླ་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་འབྱུང་བ།ལག་བསྟར་གནས་སུ་འབྱོར་བར་ཁག་ཐེག་བྱེད་དགོས། ལྗོངས་ཁུལ་དང་ལྟད་མོ་ཁུལ་སོ་སོས་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས་དང་སྒོ་གླ་བསྡུ་ཡུལ་སོགས་ཀྱི་མིག་གི་མཐོང་ཡུལ་དུ་དྲན་སྐུལ་བྱང་བུ་བཀལ་ནས། རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་སྒོ་གླ་མི་བསྡུ་བའི་སྲིད་ཇུས་གསལ་བསྒྲགས་བྱེད་དགོས།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའུ་ཡི་སྤྱི་སྟེགས་ཏེ“མཚོ་སྔོན་སྤྱི་བདེ”དང་ནུབ་མཚོ་གྲོང་ཁྱེར་ཆེན་མོའི་ཚགས་པར་གྱི་སྤྱི་སྟེགས་ཏེ“ནུབ་མཚོ་གྲོང་ཁྱེར་ཆེན་མོའི་ཚགས་པར”གཉིས་ཀྱི་སྟེང་གནས་ཚུལ་འདི་ཁྱབ་བསྒྲགས་བྱས་རྗེས། དྲ་གྲོགས་སྟོང་ལས་བརྒལ་བ་ཞིག་གིས་སྐད་བཞག་སྟེ་ཉེན་རྟོག་པར་དྲོད་ཁོལ་སྦྱིན་པའི་སྲིད་ཇུས་འདིར་བསྟོད་བསྔགས་བྱས།

དྲ་གྲོགས“སེམས་ཁམས་སྐྱིད་པོ”ཞེས་པ་དེས་སྐད་བཞག་ནས་བཤད་རྒྱུར། མཚོ་སྔོན་ནི་ང་ཡི་ཕ་ཡུལ་གཉིས་པ་ཡིན། མཚོ་སྔོན་གྱི་རིམ་པ་སོ་སོའི་མགོ་ཁྲིད་པས་སྲིད་ཇུས་འདི་བཏོན་པར་བཀའ་དྲིན་ཆེ་ཞུ། འདི་ནི་མི་དམངས་ཉེན་རྟོག་པར་དགའ་གུས་དང་བརྩི་བཀུར་བྱས་པ་ཡིན་ལ། རྒྱལ་ཡོངས་ལ་མ་དཔེ་བསྟན་པའང་ཡིན་པས། མཚོ་སྔོན་ལ་སློབ་སྦྱོང་དང་མཚོ་སྔོན་ལ་གུས་འབུལ། མཚོ་སྔོན་ལ་བསྟོད་བསྔགས་བྱེད།

“ཉེན་རྟོག་པའི་ཆུང་མ་ཞིག་ཡིན་པའི་ཆ་ནས། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་གནས་ཚུལ་འདི་ཐོས་རྗེས་དགའ་བའི་མཆི་མ་མིག་མཐར་འཁོར་བྱུང་།ཉེན་རྟོག་པ་ནི་གྲོང་ཁྱེར་གྱི་འོད་ཟེར་ཞིག་སྟེ། ཞི་བདེའི་ལོ་རབས་འདིའི་ནང་གི་ཆེས་ཉེན་ཁ་ཆེ་ཞིང་ཆེས་བླ་ན་མེད་པའི་ལས་རིགས་ཤིག་དང་།དུས་རབས་གསར་པའི་ནང་གི་གསོལ་འབུལ་གྱི་སྙིང་སྟོབས་ལྡན་པའི་དཔའ་བོའི་མི་ཚོགས་ཀྱི་གྲས་ཡིན། བཀའ་དྲིན་ཞུ་བ་ལས་ད་རུང་བརྗོད་འདོད་པ་ནི། ཁུ་སིམ་མེར་ཁྱིམ་ཚང་སྲུང་བཞིན་པའི་ཉེན་རྟོག་པའི་ཆུང་མ་རྣམས་ཀྱིས་དཀའ་ལས་མྱངས་སོང”ཞེས་ཉེན་རྟོག་པའི་ཆུང་མ་ཞིག་གིས་དེ་ལྟར་སྐད་བཞག་ཡོད།

“ང་ཡི་མཚོ་སྔོན་ནི་རི་བོ་བརྗིད་ཅིང་ཆུ་བོ་མཛེས་ལ།ང་ཡི་མཚོ་སྔོན་ཀྱི་མི་དམངས་ལ་དཔའ་ཉམས་ལྡན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། འབྲེལ་ཡོད་ཀྱི་ཐིང་དང་ཅུས་སོ་སོས‘ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང’ཞེས་པ་དོན་ངོ་མས་དོན་ཐོག་ཏུ་འཁྱོལ་བ་རེད། ང་ཡི་མཚོ་སྔོན་དུ་ཏང་སེམས་དམངས་དང་སེམས་གཅིག་ཏུ་འབྲེལ། ང་ཡི་མཚོ་སྔོན་གོམ་པ་ཆེན་པོས་མ་འོངས་པར་བསྐྱོད”ཅེས་གྲོང་མི་ཀྲའོ་ཡོན་སིན་གྱིས་དེ་ལྟར་སྐད་བཞག་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།