རྨ་ལྷོ་ཁུལ་གྱིས“བྱེད་ཐབས་བརྒྱད”ལ་བརྟེན་ནས་བརྗོད་དོན་སློབ་གསོ་དམ་འཛིན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་གྱི་དོན་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས།“བསམ་འདུན་སྲུང་། འགན་འཁྲི་འཁུར། ཧེ་བག་འཚོལ། དོན་འཁྱོལ་བྱེད”ཅེས་པའི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། རྩ་འཛུགས་ལག་བསྟར་ལ་བླང་བྱ་གཟབ་ནན་བྱས་པ་དང་དོན་འཁྱོལ་བྱས་པའི་ཕན་འབྲས་འབུར་དུ་ཐོན་པ་དང་།“བྱེད་ཐབས་བརྒྱད”སྤྱད་ནས་བརྗོད་དོན་སློབ་གསོ་དམ་འཛིན་བྱས།

“ཞིབ་ཐོ་ལམ་ལུགས”ཀྱི་དོ་དམ། སློབ་སྦྱོང་སློབ་གསོ་དང་། གནད་དོན་ལ་ལྟ་ཞིབ། བརྟག་དཔྱད་ཞིབ་འཇུག དག་ཐེར་དོན་འཁྱོལ་བཅས་ཞིབ་ཐོ་བཞིའི་བྱེད་ཐབས་བཞི་གཏན་འབེབས་བྱས་ནས།བརྗོད་དོན་སློབ་གསོ་མགོ་ནས་མཇུག་བར་དུ་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱས་ཤིང་། ཁུལ་ཨུའི་བརྗོད་དོན་སློབ་གསོ་གཞུང་ལས་ཁང་གིས་གཟའ་འཁོར་རེ་རེར་བྱ་བའི་ལས་འགན་གྱི་ཞིབ་ཐོ་བཀྲམ་པ་དང་། ཁུལ་ཨུའི་འཁོར་སྐྱོད་མཛུབ་སྟོན་ཚན་ཆུང་ལ་གཟའ་འཁོར་རེའི་འཁོར་སྐྱོད་མཛུབ་སྟོན་བྱ་བའི་ལས་འགན་གྱི་ཞིབ་ཐོ་མཁོ་སྤྲོད་བྱས་ནས།བྱ་བ་སྣ་ཚོགས་ཞིབ་ཕྲའི་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས།

“རིགས་དབྱེ་རྣམ་པ”ཡི་མཛུབ་སྟོན། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ལས་རིམ་རེའུ་མིག་གཏན་འབེབས་བྱས་ནས།བྱ་བའི་ལས་འགན་རིགས34ཞིབ་མོར་བྱས། གཞི་རིམ་ཏང་ཀྲི་པུའུ་ཡི་དོན་དངོས་ལ་ཁ་གཏད་དེ། སྡེ་བ(སྡེ་ཁུལ)དང་། ལས་ཁུངས་དོན་ལས་སྡེ་ཚན། སློབ་གྲྭ་ཆུང་འབྲིང་། གཞུང་བཙུགས་སྨན་ཁང་།“རྩ་འཛུགས་གསར་པ་གཉིས”བཅས་ཁྱབ་ཁོངས་ཆེན་པོ་ལྔ་རུ་བགོས་ནས་སོ་སོར“གཅིག་ཅན་བཅུ”ཡི་བྱ་བའི་ཐེག་བྱད་ཇུས་འགོད་བྱས་པ་དང་།“གཅིག་གཅོད”དང“བཟང་ངན་མཉམ་བསྲེས”བྱེད་པར་གཡོལ་དགོས།

“མཉམ་འགུལ་རྣམ་པ”ཡི་སློབ་སྦྱོང་། ལས་ཁུངས་ཀྱི་ལས་དོན་སྡེ་ཚན་གྱི་ཏང་རྩ་འཛུགས་དང་ཏང་ཡོན་འབྲེལ་གནས་སྡེ་བར་སོང་སྟེ“ལག་རྡང་མཉམ་སྦྲེལ། སེམས་པ་མཉམ་འབྲེལ”གྱི་མཉམ་འཛུགས་བྱ་འགུལ་རྩ་འཛུགས་བྱས་པ་དང་། བརྗོད་དོན་སློབ་གསོའི་སློབ་ཁྲིད་འབྲེལ་གནས་སྡེ་བར་སྤར། བརྗོད་དོན་སློབ་གསོའི་བྱ་འགུལ་དང་ཟུང་དུ་སྦྲེལ་ནས་དབུལ་ཐར་འགག་སྒྲོལ་མཉམ་དུ་ཇུས་འགོད་དང་སྐུལ་འདེད་བྱས། “ཏང་ཡོན་གྱིས་སློབ་གསོ་མྱོང་བ་དང་མང་ཚོགས་ལ་དངོས་ཕན་ཐོབ་པ། ཏང་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་པར་འབུད་པ་དང་དབུལ་ཐར་འགག་སྒྲོལ་ལ་ཕན་འབྲས་ཐོན་པའི”དམིགས་འབེན་མངོན་འགྱུར་བྱེད་དགོས།

“རྒྱ་ཆེར་ཁྱབ་པ”ལ་སྐུལ་འདེད། སྐོར་སྐྱོད་ཏང་ཡོན་དང་། ལོ་ལོན་གཟུགས་གཞི་ཞན་ལ་འགུལ་སྐྱོད་སྟབས་མི་བདེ་བ་སོགས་ཀྱི་ཚོགས་པ་མི་འདྲ་བར་ཁ་གཏད་ནས“སློབ་ཁྲིད་སྒོ་ཁར་སྐྱེལ”བའི་བྱ་འགུལ་སྤེལ། “རྨ་ལྷོའི་གདོང་ལེན”གྱི་བློ་གྲོས་ཏང་འཛུགས་སྐྲུན་སྟེགས་བུར་བརྟེན་ནས། ཉིན་རེ་རེར་ཁུལ་ཡོངས་ཀྱི་ཏང་ཡོན་ལ་བརྗོད་དོན་སློབ་གསོའི་ཏང་གི་སློབ་ཁྲིད་ཆུང་བ1བསྐུར་གྱིན་ཡོད་ལ། ཏང་ཡོན་སྒོ་ཕྱིར་འགྲོ་མི་དགོས་པར“གནས་གཏད་གནས”དྲ་ཐོག་ནས་གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་བྱེད་པ་མངོན་འགྱུར་བྱས་པར་གཞི་རིམ་ཏང་ཡོན་གྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད།

“སྐུད་གཅིག་ཐབས་ལམ”ཀྱི་བརྟག་ཞིབ། རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་རྩ་འཛུགས་བྱས་ནས་དཀྱིལ་སྙིང་བྱ་བར་དམིགས་པ་དང་། ཁུལ་ཨུའི་ཏང་སྲིད་མགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ། འབུར་ཐོན་གནད་དོན་ལ་དམིགས་པ། ཚ་གནད་དང་དཀའ་གནད་ལ་དམིགས་པ། གོམ་ཁ“བརྟན”པོའི་སྒོ་ནས་གནད་དོན“ཕྱུང”ནས། བརྟག་དཔྱད་ཞིབ་འཇུག་དེ་གནད་དོན་ཐག་གཅོད་པ་དང་བྱ་བ་ལེགས་བཅོས་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དུ་འགྱུར་བར་བྱས། མིག་སྔར། ཁུལ་ཡོངས་ཀྱིས་བསྡོམས་པས་བརྟག་ཞིབ་ལས་གཞི410གཏན་འཁེལ་བྱས་པ་དང་། བརྟག་ཞིབ་ཚན་ཆུང308བཙུགས་ནས། བརྟག་ཞིབ་སྙན་ཞུའི་རྩོམ་ཡིག397གྲུབ་ཡོད།

“གནད་ཁེལ་རང་བཞིན”གྱི་བརྟག་ཞིབ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་སྡུད་ལེན་གྱི་སྤྱི་བསྒྲགས་བཀྲམ་པ་དང་། བསམ་འཆར་སྒམ་བཙུགས་ནས། མང་ཚོགས་ཀྱི་བསམ་འཆར་གང་ལེགས་སྒོས་གཅིག་སྡུད་བྱས་པས་རིམ་བཞིན་ཞིབ་ཕྲ་ཅན་གྱི་གནད་དོན་ཞིབ་ཐོ་གྲུབ།

“དམ་བཅའ་ཅན”གྱི་དག་ཐེར། ཁུལ་དང་རྫོང་གི་མགོ་ཁྲིད་ཚན་ཁག་ཆེན་པོ་བཞི་དང་།ཁུལ་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཆུང་གིས“དཀའ་གནས། གཟེར་གནས། འགག་གནས”ཀྱི་གནད་དོན་གཅིག་བསྡུས་བྱས་ནས། དག་ཐེར་བཅོས་སྐྱོང་བྱེད་སླ་བའི་གནད་དོན་ནས་མགོ་བརྩམས་ཏེ།ཆེད་དུ་དམ་བཅའི་ཡི་གེ་འབྲི་བ་དང་། དོན་ཚན183ཁས་ལེན་བྱས་པ་དང་། དུས་ཐོག་ཏུ་བརྙན་འཕྲིན་དང་ཚགས་པར་སྟེང་སྤྱི་བསྒྲགས་བྱས་ནས། མང་ཚོགས་ཀྱི་ལྟ་རྟོག་དང་སྐྱོན་བརྗོད་དང་ལེན་བྱས།

“སྙིང་ཉེ་རྣམ་པ”ཡི་ཞབས་ཞུ། འགན་ནུས་སྡེ་ཁག་སོ་སོའི་བརྗོད་དོན་སློབ་གསོའི་དགོངས་དོན་འདུ་ཤེས་ཆེ་རུ་བཏང་ནས། རང་སྟེང་གི་འགན་འཁྲི་དང་ལེགས་ཆར་རྐང་བཙུགས་ཏེ།ཤ་ཚ་བ་དང་སྙིང་ཉེ་བའི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་།དུས་ཐོག་ཏུ་མང་ཚོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།