མཚོ་བྱང་ཁུལ་གྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་ལེགས་བསྒྱུར་བྱས་ནས་མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་མཐོ་རུ་བཏེགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་གཉིས་པའི“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་སྦྱོང་གཏིང་ཟབ་དང་ནང་དོན་ཁོང་དུ་ཆུད་པ་སྣེ་སྟོན་དུ་བཟུང་ཞིང་། དངོས་ཡོད་དོན་དངོས་ལ་རྒྱུས་ལོན་བྱེད་པ་རྨང་གཞིར་བཟུང་བ་དང་།དག་ཐེར་ལེགས་བཅོས་ལ་ཞིབ་ལྟ་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཤུགས་ཡོད་རྒུས་དམངས་ལ་ཞབས་ཞུ་བསྒྲུབ་ནས་གཙོ་གནད་དང་དཀའ་གནད།  བཀག་རྒྱ་སོགས་ཐག་གཅོད་དང་ཁྱད་གསོད་བྱས་ལ།  དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་བརྗོད་དོན་སློབ་གསོའི་འདོད་བློ་ཚིམ་ཚད་མཐོ་རུ་བཏེགས།

གནད་དོན་ལ་ཞིབ་ལྟ་བྱས་ཏེ་འབྱུང་ཁུངས་བཙལ་བ།  “གོང་རིམ་གྱིས་སྟོན་པ་དང་། རང་ཉིད་ཀྱིས་འཚོལ་བ། མང་ཚོགས་ཀྱིས་གླེང་བ། ཕན་ཚུན་ལ་རོགས་རམ།  ཐུན་མོང་གིས་གྲོས་བསྡུར”བཅས་ཀྱི་བྱེད་ཐབས་སྤྱད་དེ། གནད་དོན་འཚོལ་ཞིབ་དང་འབྱུང་ཁུངས་གཏན་འཁེལ་བྱེད་པར་ཤུགས་བཏོན། ཁུལ་དང་རྫོང་གི་ཚན་ཁག་ཆེན་པོ་བཞི་ཡིས་བསྡོམས་པས་གནད་དོན177རྙེད་པ་དང་ལེགས་བཅོས་བྱེད་ཐབས243གཏན་འབེབས་བྱས། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི270ལྷག་སྡུད་ལེན་བྱས་ཤིང་། ཚན་ཁག་གི་ཁོངས་མིའི་མི་སྒེར་གྱི་གནད་དོན450ལྷག་རྙེད།  ཁུལ་ཡོངས་སུ་ཞིབ་འཇུག་བརྟག་དཔྱད་ཀྱི་ལས་གཞི177གཏན་འཁེལ་བྱས་ལ་གནད་དོན865རྙེད་པ་དང་།  ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་ཁ་གཏད་ཐབས་ཇུས་གྲོས་གཞི225བཏོན་པ་དང་།མང་ཚོགས་ཀྱི་གནད་དོན190ལ་ལན་བཏབ།

གཞི་རིམ་དུ་ཞབས་ཞུ་སྤེལ་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དོན་དངོས་ལ་རྐང་ཚུགས་ཏེ་ཁྱབ་ཁོངས་དང་ལས་རིགས་སོ་སོར་དགར་ནས་མགོ་ཁྲིད་ལས་བྱེད་པས་ཡུལ་དངོས་སུ་དཀའ་གནད་ཐག་གཅོད་པའི་ཞབས་ཞུ་སྤེལ་བར་ཁྲིད་སྟོན་བྱས་ཤིང་། “ངས་གཞི་རིམ་གྱི་ཆེད་དུ་དཀའ་གནད་སེལ།  གཞི་རིམ་དུ་བཅར་ནས་ཞབས་ཞུ་སྤེལ”ཞེས་པའི་བྱ་འགུལ་རབས་དང་རིམ་པ་བརྒྱུད་ནས། མང་ཚོགས་ཀྱི་བརྗོད་དོན་སློབ་གསོའི་ཁས་ལེན་ཚད་དང་ཡིད་ཚིམ་ཚད་ཇེ་མཐོར་བཏང་།

མཉམ་སྒུལ་ལེགས་བཅོས་དོན་ལྡན་ཡོང་བར་བྱས་པ། ཐོག་མཐའ་བར་གསུམ་དུ་གནད་དོན་ཐག་གཅོད་པ་ནི་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་ཚད་འཇལ་བའི་ཚད་གཞི་ཞིག་ལ་ངོས་བཟུང་ནས།  ཤེས་མ་ཐག་ཏུ་ལེགས་བསྒྱུར་དང་དངོས་གནས་དྲང་གནས་ཀྱིས་ལེགས་བསྒྱུར། ལེགས་བསྒྱུར་བྱས་པའི་དོན་དངོས་མཇུག་འབྲས་ལས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཚད་འཇལ་བྱས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་འགལ་བའི་གནད་དོན13ཐག་གཅོད་བྱས་པ་དང་།མི17ལ་འགན་འདྲི་ཐག་གཅོད་བྱས།  ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན7དང་མི22ཐག་གཅོད་བྱས། མི8ལ་ཏང་གི་སྒྲིག་སྲོལ་སྲིད་དོན་གྱི་ཆད་པ་བཅད།  མི14ལ་ཁ་ཏ་སློབ་གསོ་བཏང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱོད་དོན9ཐག་གཅོད་བྱས་ལ།མི35ལ་ཏང་གི་སྒྲིག་སྲོལ་སྲིད་དོན་གྱི་ཆད་པ་དང་ཆད་པ་གཞན་བཅད།  གོང་འོག་མཉམ་སྒུལ་གྱིས་གནད་དོན33དག་ཐེར་ལེགས་བཅོས་དང་གཅིག་བསྡུས་ཡར་ཞུའི་དོན་དག24ཐག་གཅོད་བྱས། ཡུལ་དངོས་སུ་ལས་སྒྲུབ་བྱས་ནས་དོན་དག4000ལྷག་ཐག་གཅོད་བྱས་པ་དང་། སྤྱི་བསྒྲགས་དམ་བཅའ2800ལྷག་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།