​ཟི་ལིང་གྲོང་ཁྱེར་གྱིས་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱིས་སློབ་གྲྭའི(བྱིས་གཉོར་ཁང)ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སློབ་གྲྭའི་ཟ་ཁང་གི་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ནས་ཟས་དུག་ཕོག་རྒྱུ་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་སློབ་གྲྭའི(བྱིས་གཉོར་ཁང་)བཟའ་བཅའི་བདེ་འཇགས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་། 

ཐེངས་འདིའི་གསོ་སྦྱོང་གིས་གཙོ་བོར་དེང་སྐབས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བཟའ་བཅའི་བདེ་འཇགས་དོ་དམ་ལས་དོན་ལ་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་དམིགས་ཤིང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཁྲོད་གནས་པའི་གནད་དོན་མངོན་གསལ་དག་གཙོ་གནད་ཐོག་ཐག་བཅད་པས། གསོ་སྦྱོང་ལ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།