མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་ཕྱོགས་སྡོམ་དང་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལིག་ཉིང་གིས་བྱ་བར་བླང་བྱ་བཏོན་པ་དང་། ཧྲིན་་ཀྲང་གཞོན་པ་ཁོང་ཡོན་བཅས་ཚོགས་འདུར་ཞུགས་པ་དང་གཏམ་བཤད། 

ལིག་ཉིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱི་ཆེ་རུ་འགྲོ་བའི་ཛ་དྲག་གི་དུས་བབ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གནོན་ཤུགས་ཕྲག་ཏུ་བླངས་ནས་མདུན་སྐྱོད་བྱེད་པ་དང་། ནུས་ཤུགས་ཡོད་ཚད་ཀྱིས་དཀའ་ཁག་སེལ་བ། ཁྱོན་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཀྱི་ལམ་ལུགས་བཅོས་བསྒྱུར་བྱེད་པ་བཅས་ཀྱིས”མཐོ་བ་གཅིག་དང་དམིགས་བསལ་གཉིས”ལ་སྐུལ་འདེད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པས། བློ་མཐུན་རྣམས་ལ་ལྷག་སེམས་རྣམ་དག་གིས་བཀའ་དྲིན་ཆེ་ཞུ་ཞེས་བཤད། 

ལིག་ཉིང་གིས་ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་རེ་བ་ཡོད། བརྟན་རླིང་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་སོ་སོར་སྤྱི་འདོམས་ཡག་པོ་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་སོགས་ཧུར་ཐག་སྒོས་མི་དམངས་ཀྱི་འདོད་བློ་དང་མཐུན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང”ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་ཡོངས་རྫོགས་བདེ་བླག་ངང་མཇུག་སྒྲིལ་བར་བྱས་རྗེས་གསར་བ་འཇོག་དགོས་པ་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།