མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་སྤྱི་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་སྤྱི་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུ་མ་འཚོགས་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་འཚམ་འདྲི་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་སྤྱི་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པར་ལོ་གསར་གྱི་འཚམས་འདྲི་གནང་བ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ལས་བྱེད་པ་རྒན་གྲས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝང་ཡུས་ཡན་དང་། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་ལས་བྱེད་པ་རྒན་གྲས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁོང་ཡུང་རྣམ་གཉིས་ལྷན་དུ་འཚམ་འདྲི་ལ་ཕེབས་པ་དང་ཚོགས་འདུ་ལ་ཞུགས་པ་རེད།

ཝང་ཅན་ཅོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། རྒྱལ་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་སྤྱི་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེས་ལས་འཁྱུར་ངལ་གསོའི་ལས་བྱེད་པར་ཐུགས་ཁུར་དང་མཛའ་བརྩེ་གནང་ལུགས་གང་ལེགས་མཚོན་ཡོད། ཁོང་གིས་དུས་རབས་ལ་སྔོན་ཐོན་པ་དགོས་པ་དང་། མི་རིགས་ལ་དཔའ་བོ་དགོས་ལ། སྤྱི་ཚོགས་ལ་མིག་དཔེ་དགོས་པས། གཟེངས་བསྟོད་ཐོབ་པའི་ཚོགས་སྤྱི་དང་མི་སྒེར་ནི་སྔོན་ཐོན་པ་དང་། དཔའ་བོ། མིག་དཔེ་བཅས་ཡིན་ཞེས་གསུངས།  

ཝང་ཅན་ཅོན་གྱིས་ལས་བྱེད་པ་རྒན་གྲས་ཀྱི་བྱ་གཞག་ནི་བླ་ན་མེད་པའི་བྱ་གཞག་ཡིན་པ་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ནི་ལས་དོན་གལ་ཆེན་ཞིག་ཡིན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་རིམ་པ་ཁག་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལས་ཁུངས་ཀྱིས་ནན་ཏན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ་དང་། ཏང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་འཛིན་པའི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བློ་རྩེ་གཅིག་སྒྲིམ་དང་། བརྩེ་སེམས་ཟབ་མོ། བློ་སེམས་ཞིབ་ཚགས་བཅས་ཀྱི་སྒོ་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ་ལས་བྱེད་པ་རྒན་གྲས་བག་ཕེབས་དང་། དགའ་སྐྱིད། བློ་བདེ་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།