མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཚད་གཞི་མི་ལོན་པའི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་གི་གྱོད་གཞི་ཞིག་རྩད་ཆོད་པ།

微信图片_20200109093600.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མུན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཀྱིས་ཁུངས་སྣེ་བརྒྱུད། ལེ་དབར་སྟོང་གི་ལམ་ཐག་འགྲིམས་ནས་རྩད་གཅོད་བྱས་མཐར། བདེ་འཇགས་ཀྱི་ཚད་གཞི་མི་ལོན་པའི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད།

微信图片_20200109093604.jpg

2019ལོའི་ཟླ12ཚེས5ཉིན་མུན་ཡོན་རྫོང་སྤྱི་བདེ་ཅུས་ཆིང་ཧྲི་ཙུའེ་ལྟེ་གནས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་གཏན་གྱི་སྐོར་གཡེང་བྱེད་སྐབས་བཤས་ཕྱུགས་ཀྱི་རུས་པ་དང་ལུག་ལྤགས་བླུགས་པའི་དོགས་ཡོད་རླངས་འཁོར་ཕུའུ་ཐེན་རྟགས་ཅན་གྱི་འཁོར་རིགས་ཆུང་གྲས་ཤིག་ཤེས་རྟོགས་བྱུང་། མངགས་གཏོང་ཁང་གིས་དུས་ཐོག་ཏུ་ཉེན་རྟོག་པའི་གནས་ཚུལ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་ཡར་ཞུ་བྱས་པ་དང་འབྲེལ་ཞིབ་བཤེར་ལས་དོན་སྤེལ་ནས་ཤི་རྐྱེན་གསལ་པོ་མེད་པའི་ཚགས་ཤ་དང་ལུག་ཤ་སྤྱི་རྒྱ1000ཙམ་བཀག་གཉེར་ཐག་གཅོད་བྱས་པ་རེད།

微信图片_20200109093613.jpg

ཐོག་མའི་ཞིབ་དཔྱད་བྱས་པ་བརྒྱུད། དོ་བདག་ཧོ་པེ་ནས་ཡིན་པའི་མཱ་ཆེ་གེ་མོ་ཧུའེ་དང་ཧེ་ལུང་ཅང་ནས་ཡིན་པའི་ལི་ཆེ་གེ་མོ་དབྱི་སོགས་ཀྱིས2019ལོའི་ཟླ11པའི་ཟླ་དཀྱིལ་ནས་ཟླ12ཚེས5ཉིན་བར་མུན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་དང་ཧོང་ཁྲེང་ཤང་དུ་སྒོར30ནས50བར་གྱི་རིན་གོང་ཐོག་ནས་ཤི་རྐྱེན་གསལ་པོ་མེད་པའི་ནོར་ལུག་འབོར་ཆེན་ཉོ་སྒྲུབ་བྱས་པ་དང་འབྲེལ། པགས་པ་བཤུ་བ་དང་། ཤ་འདོན་པ། སྟབས་བདེའི་ཐུམ་སྒྲིལ་བརྒྱུད་ནང་སར་ཕྱིར་ཚོང་བྱས་མོད། འོན་ཀྱང་བཟའ་བཅའི་ཁྲོམ་རས་ཁས་མ་བླངས་པ་རེད། ཤི་རྐྱེན་གསལ་པོ་མེད་པའི་ཚགས་ཤ་དང་ལུག་ཤ་བཟའ་བཅའི་ཁྲོམ་རར་འདྲེན་རྒྱུ་སྔོན་འགོག་བྱ་ཆེད། མུན་ཡོན་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་ཏ་ཁྲང་རྫོང་སྤྱི་བདེ་ཅུས་ལ་གཞོགས་འདེགས་ཞིབ་བཤེར་བརྡ་ཁྱབ་བཏང་ནས་ཞིབ་བཤེར་བཀག་ཉར་བྱེད་རོགས་བྱས་པ་མ་ཟད། ཁྲོམ་རའི་ལྟ་སྐུལ་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཞིབ་དཔྱད་གཏན་འཁེལ་བྱས་རྗེས་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་རེད།

ཉིན་བཅུ་ལྷག་ཙམ་ལ་འབད་བརྩོན་བརྒྱུད2020ལོའི་ཟླ1ཚེས2ཉིན་ཤི་རྐྱེན་གསལ་པོ་མེད་པའི་ཚགས་ཤ་དང་ལུག་ཤ་ཕྱིར་ཚོང་གི་འགན་འཁུར་མཁན་དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་ཧུའེ་ཡི་བུ་མཱ་ཆེ་གེ་མོ་འཛིན་བཟུང་བྱས་ཏེ་བཟའ་བཅའི་ཁྲོམ་རར་རྒྱུག་བཞིན་པའི་ཚགས་ཤ་དང་ལུག་ཤ་ལས་སྣོན་ཐོན་རྫས་སྤྱི་རྒྱ85.06དང་ལུག་གི་སྒལ་ཚིགས་སྤྱི་རྒྱ14.27ཕྱིར་འཐེན་བྱས་པ་རེད། མཱ་ཆེ་གེ་མོའི་ཁྱིམ་ནས་བཙོངས་མེད་པའི་ལུག་ཤི་རོ45བཀག་ཉར་བྱས་པ་བསྡོམས་སྤྱི་རྒྱ705.14དང་། ལུག་གྲོད་སྤྱི་རྒྱ43.18། ཚགས་ཤ་དང་ལུག་སྙིང་སྤྱི་རྒྱ52.62བཅས་རྙེད་པ་རེད།

微信图片_20200109093606.jpg

མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་ཤི་རྐྱེན་གསལ་པོ་མེད་པའི་སྐམ་ཤ་དང་ལུག་ཤ་དང་དེ་བཞིན་ཤ་རིགས་ལས་སྣོན་ཐོན་རྫས་སྤྱི་རྒྱ་2000ཙམ་བཀག་ཉར་བྱས་པ་དང་གྱོད་འབྲེལ་རིན་ཐང་སྒོར་ཁྲི6ལྷག་ཙམ་ཟིན་ལ། གྱོད་གཞི་ད་དུང་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།