མཚོ་སྔོན་ཞིང་ཆེན་གྱིས་གློག་སྒུལ་རྐང་འཁོར་ལ་འཁོར་བྱང་ཐོག་མ་བཀལ་བ།

1855454_449620.jpg

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་འཁོར་རིགས་དོ་དམ་ཡན་ལག་རུ་ཁག་གིས་ཟི་ལིང་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་དང་མཉམ་དུ་མེས་ཐོན་ཕྱིར་འཚོང་པས་ཉོས་པའི་གློག་སྒུལ་རྐང་འཁོར་ལ་གཅིག་སྡུད་ཐོག་སྒོ་བྱང་འགེལ་བའི་བྱེད་སྒོ་སྤེལ་བ་རེད།

    ཐོ་འགོད་དང་། པར་རྒྱག  གློག་སྒུལ་རྐང་འཁོར་ལ་འཁོར་བྱང་འགེལ་བ་སོགས་ལས་དོན་རེ་རེ་བཞིན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་འཁོར་རིགས་དོ་དམ་ཡན་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མེས་ཐོན་ཕྱིར་འཚོང་པའི་གློག་སྒུལ་འཁོར་རིགས་དོ་དམ་བྱ་ཐབས་དང་དེ་བཞིན་འཁོར་བྱང་འགེལ་བའི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་རྒྱབ་པས། གློག་སྒུལ་རྐང་འཁོར་གྱི་འཁོར་བྱང་བཀལ་ནས་འགྲིམ་འགྲུལ་ཉེན་རྟོག་ལས་དོན་དང་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་གསལ་བཤད་བྱས་པ་མ་ཟད། རྒྱ་ཆེའི་ཕྱིར་ཚོང་བར་འཁོར་བྱང་མེད་པའི་གློག་སྒུལ་རྐང་འཁོར་མི་སྤྱོད་པ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་རང་རྟོགས་ངང་སྲུང་བརྩི་ཞུས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཐུན་མོང་ཐོག་གཏོད་དགོས་པར་དྲན་སྐུལ་བྱས་པ་རེད། 

“རང་རེའི་ཞིང་ཆེན་གྱིས2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གློག་སྒུལ་རྐང་འཁོར་ཐོ་འགོད་ཀྱི་སྒོ་བྱང་འགེལ་བའི་ལས་དོན་སྤེལ་ཞིང་། ད་ཐེངས་ཀྱི་གཅིག་སྡུད་འགྲོ་ལུགས་གཉེར་བའི་བྱེད་སྒོའི་ཁྲོད་མེས་ཐོན་གྱི་གློག་སྒུལ་རྐང་འཁོར250ལ་འཁོར་བྱང་འགེལ་རྒྱུ་རེད། མེས་ཐོན་ཕྱིར་འཚོང་པའི་གློག་སྒུལ་རྐང་འཁོར་འབོར་ཆེན་ཡོད་པས་ཟི་ལིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་རུ་ཆེན་ཁག་དུ་ཐོ་འགོད་བྱ་རྒྱུ་དང་། མེས་ཐོན་དུས་བཅད་བྱས་ནས་རྒྱ་ཆེའི་རྐང་འཁོར་ཁ་ལོ་བ་ལ་གློག་སྒུལ་རྐང་འཁོར་གྱི་འཁོར་བྱང་བཀལ་ནས་ལས་སྒོ་གཉེར་རྒྱུ་ཡིན་པ་རེད། ཅེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་འཁོར་རིགས་དོ་དམ་ཡན་ལག་རུ་ཁག་གི་ཡན་ལག་རུ་དཔོན་གཞོན་པ་ཀྲང་ཧྲི་ཅེ་ཡིས་བཤད།

གློག་སྒུལ་རྐང་འཁོར་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། གཞི་གྲངས་མང་བ། མི་འབོར་མང་བ་བཅས་ཀྱི་དོན་དངོས་ལ་གཞིགས་ནས་ཆེད་དུ་བར་བརྒལ་དུས་སྐབས་བཀོད་སྒྲིག་བྱས་ཏེ་གནས་སྐབས་ཀྱི་ཆ་འཕྲིན་འཁོར་བྱང་སྤྲད་པ་རེད། ཉོས་ཟིན་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་གློག་སྒུལ་རྐང་འཁོར་ལོ་གསུམ་གྱི(2020ལོའི་ཟླ1པོའི་ཚེས1ཉིན་ནས་2022ལོའི་ཟླ12པའི་ཚེས31ཉིན་བར)བཟོ་དགོས། 2019ལོའི་ཟླ12པའི་ཚེས1ཉིན་ནས2020ལོའི་ཟླ2པའི་ཚེས29ཉིན་བར། གློག་སྒུལ་རྐང་འཁོར་བདག་པོས་ཐོབ་ཐང་ལག་ཁྱེར་དང་རླངས་འཁོར་ཉོ་སྒྲུབ་ཀྱི་འབྲེལ་ཡོད་འཛིན་ཡིག་འཁྱེར་ནས་སྡོད་གནས་ཁུལ་གྱི་རྫོང་(རང་སྐྱོང་རྫོང)སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ལས་ཁུངས་འཁོར་རིགས་དོ་དམ་ཁང་དང་། རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ཐོ་འགོད་འགྲོ་ལུགས་གཉེར་ནས2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་གློག་སྒུལ་རྐང་འཁོར་བདག་པོས་གནས་སྐབས་ཀྱི་ཆ་འཕྲིན་འཁོར་བྱང་འགེལ་དགོས། བར་བརྒལ་དུས་སྐབས་ནང་གཏན་འབེབས་ལྟར་གནས་སྐབས་ཀྱི་ཆ་འཕྲིན་འཁོར་བྱང་བཀལ་མེད་པ་དང་དེ་བཞིན་བར་བརྒལ་དུས་ཚད་ལོངས་རྗེས་སྔར་བཞིན་གློག་སྒུལ་རྐང་འཁོར་བེད་སྐྱོད་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་ལྟར་ཆད་པ་ནན་པོ་གཅོད་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་ནི་རང་ཞིང་གི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་དེ་བཞིན་ཚོད་ལྟའི་གྲོང་ཁྱེར་ཡིན་པའི་ངོས་ནས་འཁོར་བྱང་བཀལ་ཏེ་མེས་ཐོན་ཕྱིར་ཚོང་དང་། སྦྲག་སྲིད་དངུལ་གསོག  ཧྲོན་ཧྥིན་མྱུར་སྐྱེལ་སོགས་ཁེ་ལས་ལ་དམིགས་ཏེ་རྩ་འཛུགས་བྱས་པ་བརྒྱུད་མང་ཚོགས་ཡོངས་ཀྱིས་ཐོ་འགོད་འཁོར་བྱང་འགེལ་བའི་ལས་དོན་ལ་སྐུལ་ཁྲིད་བྱས་པ་རེད། གལ་ཏེ་དུས་ཐོག་ཏུའཁོར་བྱང་མ་བཀལ་ཚེ་མི་དམངས་ཉེན་རྟོག་པར་འབྲེལ་གཏུག་བྱས་ཏེ་ཆེད་དོན་བཅོས་སྒྲིག་དང་དེ་བཞིན་བཙན་ཤེད་རང་བཞིན་གྱི་བྱ་ཐབས་ལག་ལེན་བསྟར་འགོ་འཛུགས་རྒྱུ་ཡིན་པ་རེད།

    “འཁོར་བྱང་འཀལ་རྗེས་བློ་བདེ་པོའི་ངང་ནས་རྐང་འཁོར་བཏང་ཆོག་པ་མ་ཟད། ལམ་བར་དུ་ཞིབ་བཤེར་བྱས་པ་ལས་བྱུང་བའི་མངགས་ཐོ་དུས་ཚོད་ལས་བརྒལ་བ་དང་གདེང་འཇོག་ཞན་པ་སོགས་ཀྱི་གནད་དོན་མང་པོ་མེད་པར་འགྱུར་ངེས་རེད། ཅེས་མེས་ཐོན་ཕྱིར་འཚོང་གློག་སྒུལ་རྐང་འཁོར་ཁ་ལོ་བ་ཝང་མིན་ཁྲའོ་ཡིས་གསར་འགོད་པར་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།