མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི“མཚོ་སྔོན5Gསྨྱན་སྦྱོར་ཉེར་སྤྱོད་ཚོད་ལྟ་ཁང”དངོས་སུ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས7ཉིན་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཆ་འཕྲིན་དྲ་རྒྱ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་གློག་འཕྲིན་མ་རྐང་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་མཚོ་སྔོན་ཚད་ཡོད་ཀུང་སི། ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་འཕྲིན་གཏོང་ཚད་ཡོད་ཀུང་སི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་དང་མཉམ་འབྲེལ་ཐོག5Gསྨྱན་སྦྱོར་ཉེར་སྤྱོད་ཚོད་ལྟ་ཁང་གི་སྒྲོམ་གཞིའི་གྲོས་མཐུན་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་པ་དེ་ཐོག་ནས་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི“མཚོ་སྔོན5Gསྨྱན་སྦྱོར་ཉེར་སྤྱོད་ཚོད་ལྟ་ཁང”དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

5Gལག་རྩལ་བཀོལ་སྤྱོད་ཀྱི་རྗེས་སྙེགས་པ་དང་ཕན་པ་ཐོབ་མཁན་ཡིན་པའི་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས2019ལོའི་རྒྱ་ལོ་བཅོ་ལྔའི་ལྒང་ཞུའི་དུས་ཆེན་དང་། མཚོ་སྔོན་པོའི་འགྲམ་དར་ལྷུང་བ། ཙོང་ཉ་ཕྱིར་རྒྱུ་བའི་ཐད་གཏོང་། དངོས་མཚོན་གློག་བརྙན《གླིང་གེ་སར་རྒྱལ་བོའི་མཛད་རྗེས》དང《མཚོ་ཆེན·མཚོ་སྔོན》ཞེས་པའི་དྲིལ་བསྒྲགས་འོས་སྦྱོར་སོགས་ཀྱི་བྱེད་སྒོའི་ཁྲོད་གཅིག་རྗེས་གཉིས་མཐུད་ངང་གཉེར་སྐྱོང་ཚོང་པ་དང་མཉམ་ལས་བྱས་ནས5Gལག་རྩལ་བཀོལ་སྤྱོད་བྱེད་པའི་ཚོད་ལྟ་ཐེངས་མང་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།