མཚོ་སྔོན་ཞིང་ཆེན་ལ་མ་དངུལ་སྒོར་ཁྲི1900ཞལ་འདེབས་སུ་ཕུལ་ནས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ཞི་བདེ་རྒྱ་མཚོའི་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས“ཀྲུང་གོའི་ཞི་བདེ་རྒྱ་མཚོའི་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་ཟིའི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ”གྱི་རྣམ་གྲངས་མཉམ་ལས་གན་རྒྱ་བཞག་པ་དང་། སྒོར་ཁྲི1900ཡི་ཞལ་འདེབས་མ་དངུལ་ཐོབ། མ་དངུལ་ཚང་མ་གཙང་གསུམ་འབྱུང་ཡུལ་ནས་སྐྱེ་ཁམས་འཕེལ་རྒྱས་དང་ལྗང་མདོག་དཔལ་འབྱོར། མི་རིགས་མཐུན་སྒྲིལ་བཅས་ཀྱི་ནགས་ཚལ་འཛུགས་སྐྲུན་བྱ་རྒྱུ་རེད། 

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “མཐོ་བ་གཅིག་དང་དམིགས་བསལ་གཉིས”ལག་བསྟར་གཏིང་ཟབ་བྱེད་པ། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པ། ཀྲུང་གོའི་ཞི་བདེ་རྒྱ་མཚོའི་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་ལས་གན་རྒྱ་བཞག་པ་དང་། ཕྱོགས་སོ་སོས“འདྲ་མཉམ་གཉིས་ཕན་དང་ཕན་ཚུན་མཉམ་ལས། མཉམ་དུ་འཕེལ་རྒྱས”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཕྱོགས་སོ་སོའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐེབས་རྩ་ཚོགས་པའི་ལས་སྟེགས་ཀྱི་ལེགས་ཆ་སྒྲིག་འཛུགས་བྱས་ནས་འཐབ་ཇུས་མཉམ་ལས་བྱས་ཏེ། མཉམ་གཅིག་ཏུ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་བྱས་ནས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ཀྱི་ཐད་ལ་ཉམས་མྱོང་དང་བགྲོད་ལམ་གསར་བ་ཞིག་འཚོལ་ཞིབ་བྱེད་རྒྱུ་རེད།

“ཀྲུང་གོའི་ཞི་བདེ་རྒྱ་མཚོའི་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་ཟིའི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ”གྱི་རྣམ་གྲངས་ནི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ཐད་ཀྱི་གསར་གཏོད་ཞིག་ཡིན་པ་དང་། རྣམ་གྲངས་འདི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བདེ་སྐྱིད་ཐང་དུ་གནས་ཤིང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་འོས་འཚམ་གྱི་སྡོང་རིགས་ཀྱི་གྲུབ་ཆ་བཀོད་སྒྲིག་བྱས་པ་བརྒྱུད། མུའུ་སྟོང་ཅན་གྱི་སྤུས་ཚད་མཐོ་ཞིང་། ཕན་འབྲས་ལེགས་པའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འདེབས་འཛུགས་བྱ་རྒྱུ་དང་། ས་ཁོངས་ཀྱི་བྱེ་རླུང་གནོད་འཚེ་དང་ས་ཆུ་ནུས་པ་ཤོར་བའི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། ས་ཁོངས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱ་རྒྱུ་རེད།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།