མཚོ་སྔོན་ཞིང་ཆེན་གྱིས2020ལོའི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཞི་རིམ་དུ་བསྐྱོད་པ་གསུམ་”དང“ང་ཚོའི་ཀྲུང་གོའི་ཕུགས་འདུན——རིག་གནས་ཁྱིམ་ཚང་ཁྲི་སྟོང་ལ་སྐྱེལ་བའི”གཅིག་སྡུད་དཔེ་སྟོན་བྱེད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་དཔལ་ཡོན་གཞུང་དོན་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཀྱི་ལས་ཁུངས18ཀྱིས་མཉམ་དུ་གཉེར་བ་དང་། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཁྲི་ཀ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཉེར་འགན་འཁུར་བ་ཞིག་རེད། བྱེད་སྒོའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཡོངས་སུ་ཞིང་ལས་ལ་དོ་ཁུར་དང་། གྲོང་གསེབ་ལ་ཐུགས་ཁུར། ཞིང་པར་གཅེས་སྐྱོང་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་དེ། རྒྱ་ཆེའི་མང་ཚོགས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་སྒོའི་ནང་ཧུར་ཐག་གིས་ཞུགས་རྒྱུར་སྐུལ་སློང་དང་སྐུལ་ལྕག་བྱ་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སྡུད་དཔེ་སྟོན་བྱེད་སྒོའི་རྗེས་སུ། “གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱེད་སྒོ་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ལེན་ཆེད་ཤུགས་རྒྱག་རོགས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་འདུན་མཉམ་དུ་བསྐྲུན་པའི་དུས་རབས་ཀྱི་སྤྱོད་ལམ་གསར་གཏོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།