ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་1པོའི་ཚེས་7ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་གྲོས་ཚོགས་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། རྒྱལ་ཡོངས་ནོར་སྲིད་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་ཕྱོགས་སྡོམ་དང་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་བྱ་བའི་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་བ་རེད།
ལིག་ཉིང་གིས་གསུང་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ནོར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་འགོག་ཟོན་བྱེད་པ། གྲོན་ཆུང་ནན་ཏན་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། “མཐོ་བ་གཅིག་དང་དམིགས་བསལ་གཉིས”ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གསར་པ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།
ཐེན་ཅིན་ཁྲེན་གྱིས་གསུང་བཤད་གནང་སྐབས། ན་ནིང་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ད་ལོའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། ཁོང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཧྲིན་ཀྲང་ལིག་ཉིང་གི་བྱ་བའི་བླང་བྱ་གཞིར་བཟུང་ནས། ནོར་སྲིད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོས་འགན་འདེགས་སྐྱོར་དང་ཁག་ཐེག་བྱེད་པའི་འགན་འཁྲི་ཏན་ཏིག་ངང་འཁུར་ཐུབ་དགོས་ཞེས་བསྟན་ཡོད་པ་རེད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་གྲོས་ཚོགས་བསྡུས།