ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཁང་ཀྲུའུ་རིན་གྲོས་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིའི་གྲོས་འདོན་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་པ་ལས་གཞན། ཞིང་ཆེན་ཡོངས་ཀྱི་དམངས་ཚིས་བདེན་སྒྲུབ་བཟོ་སྐྲུན་གནས་ཚུལ་དང་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ལས་དོན་སྙན་ཞུར་ཉན། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་ཚོང་པའི་མ་རྐང་འཇོག་པའི་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པ་དང་ཐོ་འགོད་སྙན་ཞུ་དོ་དམ་བྱེད་ཐབས་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་མ་རྐང་འཇོག་པའི་སྐོར་གྱི་དོ་དམ་བྱ་ཐབས་ཞེས་པ་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་། 

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ནི་ཞིང་ཆེན་སྲིད་གཞུང་གི་ལས་ཁུངས་གཙོ་བོ་ཞིག་ཡིན་པའི་ངོས་ནས།  ལས་གནས་དམིགས་བསལ་དང་བྱེད་ནུས་མངོན་གསལ་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་འགན་འཁྲི་གཙང་སྒྲུབ་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ། ཆབ་སྲིད་ལས་ཁུངས་ཀྱི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་པར་ཀུན་གྱི་སྔོན་གྲས་སུ་བསྐྱོད་དགོས། ཇུས་འགོད་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་འགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐོ་སར་བརྟེན་ནས་ལས་དོན་ཇུས་འགོད་བྱེད་པ། ཕན་འབྲས་ཐོབ་པར་བྱེད་པ་ནས་འགོ་བཙུགས་ཏེ། ལས་དོན་གསར་གཏོད་དང་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱོད་ལམ་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བླང་བྱ་ནན་མོས་ལས་དོན་དམ་འཛིན་ནན་ཏན་བྱེད་དགོས། མཐུན་སྦྱོར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་གཅིག་གྱུར་འཆར་འགོད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ལས་ཀའི་ཕན་འབྲས་ལ་དམ་འཛིན་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ། དམངས་དོན་དུ་སྲིད་སྐྱོང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམ་འཛིན་ཡག་པོ་བྱེད་ཕོད་པ་བཅས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས། ཞབས་ཞུ་གསུམ་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་མུ་མཐུད་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ནུས་ལྡན་ངང་འཁོར་སྐྱོད་དང་ལས་དོན་ཁག་བདེ་ལེགས་ངང་སྤེལ་རྒྱུར་གཞོགས་འདེགས་ལེགས་པོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།