མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་ཞབས་ཞུའི་ཚད་གཞི་ཁྱོན་ཡོངས་ལ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་རའི་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཚད་གཞི་མ་ལག་གི་ཁེབས་ཚད་བརྒྱ་ཆའི100ལ་སླེབས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚད་ལྡན་མ་ལག་གི་སྒྲོམ་གཞིའི་ནང་དོ་དམ་དང་། ཞབས་ཞུའི་སྤུས་ཚད། ཞབས་ཞུའི་ཚད་ལྡན་སོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁག་སོ་སོའི་ཞབས་ཞུའི་ཀུན་སྤྱོད་ཀྱི་རྨང་གཞིའི་ཚད་གཞི་མ་ལག་དང་། ཞབས་ཞུ་འགན་ལེན་གྱི་ཚད་གཞིའི་མ་ལག ཞབས་ཞུ་མཁོ་འདོན་གྱི་ཚད་གཞིའི་མ་ལག་བཅས་མ་ལག་ཆེན་པོ་གསུམ་ཚུད་ཡོད།

ལོ་ཤས་རིང་ཚད་གཞི་ཅན་གྱི་ཚོད་ལྟའི་འཛུགས་སྐྲུན་བྱས་པ་བརྒྱུད་ཞིང་ཆེན་གྱིས་ཚད་གཞི་ཁྱབ་གདལ་དང་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཞབས་ཞུའི་ཁུལ་གྱི་ཞབས་ཞུའི་ཚད་གཞིའི་མ་ལག་ཁྲོད་ལས་རིགས་ཀྱི་ཚད་གཞི་ཁག་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཡོད།

ཚད་གཞིའི་མ་ལག་ལག་བསྟར་དང་རྒྱུན་མཐུད་ཇེ་ལེགས་སུ་བཏང་བ་བརྒྱུད་མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚད་གཞིའི་མ་ལག་གི་སྒྲོམ་གཞི་སྤྱིའི་ཆ་ནས་བཙུགས་ཚར་ནས“ཕྱིའི་ལྗོངས་ཁུལ་གཅིག་ལ་ཁྱད་ཆོས་གཅིག་དང་། སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུ་གཅིག་གྱུར་ཅན་དང་ཚད་མཐོ་ཅན། དོ་དམ་ཚད་ལྡན་དང་སྤུས་རྟགས་གཏོད་པ”བཅས་ཀྱི་སྤུས་ལེགས་ཞབས་ཞུའི་སྤུས་རྟགས་གཏོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།