རྐང་ཚ་རྫོང་གིས་ཞིང་ལས་འཕེལ་རྒྱས་“ལྗང་མདོག”གི་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་པ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང2017ལོར་རྒྱལ་ཁའི་ངང“རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་ཁག་དང་པོར”བདམས་པ་ནས་བཟུང་རྫོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་དང་། ཞིང་ལས་ཀྱི་བྱེད་པོའི་ནུས་པ་དང་བར་སྟོང་གི་བཀོད་པ་ལེགས་སུ་གཏོང་བ་དང་། ཞིང་ལས་ཐོན་ཁུངས་སྲུང་སྐྱོང་དང་གྲོན་ཆུང་བེད་སྤྱོད། ཞིང་འབྲོག་ལས་ཀྱི་སྐྱེ་ཁམས་མ་ལག་བདག་སྐྱོང་ཉམས་གསོ་སོགས་ཀྱི་གཙོ་གནད་ལས་གཞི་ཆེན་པོ་ལྔ་ལག་བསྟར་བྱས་པས། སྤྱི་ཚོགས་དང་སྐྱེ་ཁམས་ཕན་འབྲས་རིམ་བཞིན་མངོན་གསལ་དུ་ཕྱིན་ནས་གྲང་ངར་ཆེ་བའི་ས་ཁུལ་གྱི་ཞིང་ལས་ལྗང་མདོག་ལག་རྩལ་གྱི་རྣམ་པ་གསར་པ་དང་། སྐྱེ་ཁམས། ཐོན་སྐྱེད། འཚོ་བ་བཅས“སྐྱེ་གསུམ་གཉིས་ཕན”བཅས་ཀྱི་འཁོར་རྒྱུག་བཟང་པོའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་ཐབས་ལམ་གསར་པ་བསྐྲུན། 

རྐང་ཚ་རྫོང་གིས་《རྐང་ཚ་རྫོང་གི་ཞིང་ལས་ལྗང་མདོག་འཕེལ་རྒྱས་(སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ)ལས་དོན་ལག་བསྟར་བསམ་འཆར》དང《རྐང་ཚ་རྫོང་གིས་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་ཇུས་གཞི》བཏོན་པ་དང་འབྲེལ་རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལས་གཞི་སྤྱི་འདོམས་ལ་སྐུལ་འདེད་བཏང་བ་རེད། ཞིང་ཆེན་དང་ཁུལ་རིམ་པའི་ཆེད་མཁས་ཚོགས་པ་གདན་དྲངས་ནས་སྔོན་ཐོན་ཁུལ་འཛུགས་སྐྲུན་ལས་དོན་ལ་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་པ་དང་། ཚོད་ལྟའི་དཔེ་སྟོན་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འདེབས་འཛུགས་གསོ་ཚགས་ལག་རྩལ་བེད་སྤྱོད་དང་དེ་བཞིན་ཉམས་མྱོང་གི་རྣམ་པ་གཅིག་སྡུད་དང་སྙིང་བསྡུས་སོགས་ཀྱི་ཐད་སྲིད་ཇུས་འགན་ལེན་དང་ལག་རྩལ་མཛུབ་ཁྲིད་གཅིག་ཐོག་གཅིག་བརྩེགས་བྱས་ཏེ་མདུན་སྐྱོད་ཁུལ་འཛུགས་སྐྲུན་ལ་རྨང་གཞི་བཏིང་བ་རེད།

རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་དང་། དཔྱིད་སྟོན་དང་དུས་ཚིགས་གཉིས་ཀྱི་ཕྱུགས་ཟོག་གི་རིམས་ནད་སྔོན་འགོག འབྲི་གཡག་དང་བོད་ལུག་གི་ཐོག་མའི་ཐོན་ཡུལ་ཁུངས་འདེད་ཆོག་པའི་མ་ལག་འཛུགས་སྐྲུན་སོགས་“ཞིང་ལས་དང་འབྲེལ་བ་ཡོད་པ་དང་ཞིང་ཕན་”ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་བརྒྱུད། ཞིང་འབྲོག་པས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་ཀྱི“ལྗང་མདོག་སྲིད་ཇུས”ཀྱི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ནུས་པ་ལྡན་པའི་སྒོ་ནས་མཐོ་རུ་བཏང་བ་དང་། ལྷག་པར་དུ་ཞིང་ནང་ལྟ་སྦྱོང་དང་ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་པར“བར་ཐག་མེད་པའི”ཚོར་སྣང་དང་། ཟབ་ཞུགས། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱས་པ་རེད། སྲིད་ཇུས་དོན་འཁྱོལ་བྱས་པ་ལས་བྱུང་བའི་དོན་དངོས་གྱི་གྲུབ་འབྲས་ལོངས་སྤྱོད་བྱས་ནས་རྐང་ཚ་རྫོང་གི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་སྔོན་ཐོན་ཁུལ་འཛུགས་སྐྲུན་ལ“མང་ཚོགས་ཀྱི་རྨང་གཞི”བརྟན་པོ་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།